
【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་འཇིགས་མེད་བསྟན་འཛིན་གྱིས་བླངས་པའི་བྱིས་གླུ《ལོ་སར་བཟང》དང་གླིང་སྒྲུང་ལས《རྟ་རྒྱུགས་རྒྱལ་འཇོག》གི་ཚན་པ་ཐུང་ངུ་ཞིག ད་དུང་གྲོགས་པོ་ཆུང་ཆུང་བསོད་ནམས་ཚེ་རིང་གིས་བླངས་པའི་གླུ《འགྲོ་བ་ཡ་རེ་ལེན》བཅས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་གྲོགས་པོ་ཆུང་ཆུང་དངོས་གྲུབ་སྒྲོལ་མས་བཤད་པའི་གནའ་གཏམ《སྟག་རྒན་དང་བོང་བུ་གཉིས་ཀྱི་གཏམ་རྒྱུད》དང་རིས་སྒྲུང་གྲགས་ཅན《ཨ་བོ་བྱེའུ་ཆུང》 གཉིས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ལྗོངས་ཞིང་ལྔའི་ཕུལ་བྱུང་སློབ་མའི་རྩོམ་ཡིག་གཅེས་བསྡུས་ལས《སློབ་གྲོགས་ཀ་བའི་ཉིན་གཅིག་གི་འཚོ་བ》བཅས་བཀོད་སྒྲིག་བྱས་ཡོད།
ཡོན་ཏན་སྐྱོན་གཉིས་སུས་ཀྱང་གསལ། །
འདྲེས་པ་འབྱེད་ཤེས་མཁས་པ་ཡིན། །
ཆུ་ལས་འོ་མ་ངང་བས་ཕྱེད། །
བ་ལས་འོ་མ་ཀུན་གྱིས་ལོངས། །
ས་སྐྱ་ལེགས་བཤད་ལས་དྲངས།

རིས་སྒྲུང་གྲགས་ཅན《ཨ་བོ་བྱེའུ་ཆུང》 ཞེས་པའི་བར་བཅུག་རི་མོ།

གནའ་གཏམ《སྟག་རྒན་དང་བོང་བུ་གཉིས་ཀྱི་གཏམ་རྒྱུད》ཅེས་པའི་བར་བཅུག་རི་མོ།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།