
【ཐོས་པ་དགའ་སྐྱེད】ནང་དུ་དཔལ་ཁ་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མ་གཡུ་སྒྲོན་ལྷ་མོས་བཤད་པའི་གནའ་གཏམ《བུ་མོ་གསེར་སྒྲོན》དང་། ན་ཆུང་བྱིས་པའི་གཏམ་དཔེ་འགྲན་སྡུར་ལས“དགེ་རྒན་གྱི་བཀའ་དྲིན་རྗེས་སུ་དྲན་པ་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་དགོས”ཞེས་པའི་བརྗོད་དོན་དང་འབྲེལ་བའི་གཏམ་དཔེ་ཚན་པ་ཞིག ད་དུང་རིས་སྒྲུང་གྲགས་ཅན《ཁྲོན་པའི་ནང་གི་སྦལ་བ》 བཅས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་སློབ་མའི་རྒྱུན་ཤེས་ལས《དགུན་གནང་སྐབས་སུ་སློབ་སྦྱོང་ཇི་ལྟར་བྱེད་པའི་སྐོར་རགས་ཙམ་གླེང་བ》དང《ན་ཆུང་བྱིས་པའི་ས་ཡོམ་ཉེན་གཡོལ་ཤེས་བྱ་ངོ་སྤྲོད》ད་དུང་ལྗོངས་ཞིང་ལྔའི་ཕུལ་བྱུང་སློབ་མའི་རྩོམ་ཡིག་གཅེས་བསྡུས་ལས《ཕུགས་བསམ》བཅས་བཀོད་སྒྲིག་བྱས་ཡོད།
སྨྲས་ཤིང་བསྐུལ་པར་གྱུར་པ་ན། །
དུད་འགྲོ་ལ་ཡང་གོ་བ་སྐྱེ། །
མ་བསྐུལ་གཞན་གྱིས་མ་སྨྲས་པར། །
བསམ་པ་ཤེས་ན་མཁས་པ་ཡིན། །
ས་སྐྱ་ལེགས་བཤད་ལས་དྲངས།

རིས་སྒྲུང་གྲགས་ཅན《ཁྲོན་པའི་ནང་གི་སྦལ་བ》ཞེས་པའི་བར་བཅུག་རི་མོ།

ན་ཆུང་སློབ་མའི་རྒྱུན་ཤེས་ལས《ན་ཆུང་བྱིས་པའི་ས་ཡོམ་ཉེན་གཡོལ་ཤེས་བྱ་ངོ་སྤྲོད》རགས་བསྡུས།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།