ན་ཆུང་བྱིས་པའི་དགའ་ཚལ། རི་བོང་ཁ་ཤོའི་གཏམ་རྒྱུད།
ཁུངས། ཀློག་གྲངས། 79

【ཅོ་ཀའི་དྲུག་འགྱུར】ནང་དུ་ན་གཞོན་གཞས་མ་སྒྲོལ་མ་ཆོས་སྐྱིད་ཀྱིས་བླངས་པའི་བྱིས་གླུ《སྐུ་ལ་མེད་ཚེ་རིང》དང་ཁྲི་འདུ་རྫོང་སྒ་སྟོད་ཡུལ་ཚོ་ལྟེ་གནས་བྱིས་སྐྱོང་ཁང་གི་སློབ་གྲོགས་ཆུང་ཆུང་ཚེ་རིང་བསམ་སྒྲོན་གྱིས་བླངས་པའི་བྱིས་གླུ《སློབ་གྲོགས》གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་རིས་སྒྲུང《ཞྭ་མོ་དམར་ཆུང》དང་ཞིན་ཧེ་རྫོང་དཔལ་ཁ་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མ་པདྨ་རིག་འཛིན་གྱིས་བཤད་པའི་གནའ་གཏམ《རི་བོང་ཁ་ཤོ》 གར་ཆུང《ཇོ་རུ》 བཅས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ན་ཆུང་སློབ་མའི་འཕྲོད་བསྟེན་རྒྱུན་ཤེས་ལས《ན་གཞོན་སློབ་མར་གཉིད་ཀྱིས་མི་འདང་བའི་རྒྱུ་མཚན་ཅི》དང་བྱིས་རྩོམ་གྱེར་འདོན《མ་ཡུམ་ལགས་སློབ་གྲྭ》བཅས་བཀོད་སྒྲིག་བྱས་ཡོད།

མཁས་པ་ཤེས་རབ་ཀྱིས་བསྲུངས་ན། ། 

དགྲ་བོ་མང་ཡང་ག་ལ་ཚུགས། ། 

འཕགས་རྒྱལ་གྱི་ནི་བྲམ་ཟེའི་བུ། ། 

གཅིག་པུ་དགྲ་བོའི་ཚོགས་ཀུན་བཅོམ། །

ས་སྐྱ་ལེགས་བཤད་ལས་དྲངས།

ཞིན་ཧེ་རྫོང་དཔལ་ཁ་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མ་པདྨ་རིག་འཛིན་གྱིས་བཤད་པའི་གནའ་གཏམ《རི་བོང་ཁ་ཤོ》 ཞེས་པའི་བར་བཅུག་རི་མོ།

འཛམ་གླིང་གི་རིས་སྒྲུང་གྲགས་ཅན《ཞྭ་མོ་དམར་ཆུང》ཞེས་པའི་བར་བཅུག་རི་མོ།

མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།