ན་ཆུང་བྱིས་པའི་དགའ་ཚལ། སའི་གོ་ལའི་སྟེང་གི་ཟླ་བ།
ཁུངས། ཀློག་གྲངས། 65

【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་བསྟན་འཛིན་ཟླ་སྒྲོན་གྱིས་བླངས་པའི་བྱིས་གླུ་གསར་པ《བྱམས་བརྩེ་ཡིས་ཕྱུག་པའི་འཇིག་རྟེན》དང་གྲོགས་པོ་ཆུང་ཆུང་དབྱངས་ཅན་ལྷ་མོས་བླངས་པའི་བྱིས་གླུ་གསར་པ《ང་ཡི་ཨ་མ་ལགས》གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་རིས་སྒྲུང《གསེར་གྱི་གདུ་བུ་འཚོལ་བ》དང་ཞིན་ཧེ་རྫོང་དཔལ་ཁ་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་གྲོགས་དར་འབུམ་མཚོས་བཤད་པའི་གནའ་གཏམ《བློ་རིག་ཅན་གྱི་རི་བོང》 ཁ་ཤགས《ཚོགས་གཏམ》བཅས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ཉི་འོད་ན་ཆུང་ཚགས་པར་ལས《སའི་གོ་ལའི་སྟེང་གི་ཟླ་བ》དང་བྱིས་རྩོམ་གྱེར་འདོན《མཛེས་པའི་ཡར་ཀླུང》བཅས་བཀོད་སྒྲིག་བྱས་ཡོད།

མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང་། །

བླུན་པོ་འཇུག་པའི་ལམ་མི་འགྲོ། །

ཆར་སྡོད་བྱེའུ་སྐོམ་ན་ཡང་། །

ས་ལ་བབས་པའི་ཆུ་མི་འཐུང་། །

ས་སྐྱ་ལེགས་བཤད་ལས་དྲངས།

ཉི་འོད་ན་ཆུང་ཚགས་པར་ལས《སའི་གོ་ལའི་སྟེང་གི་ཟླ་བ》ཞེས་པའི་འདྲ་རིས།

གནའ་གཏམ《བློ་རིག་ཅན་གྱི་རི་བོང》ཞེས་པའི་བར་བཅུག་རི་མོ།

མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།