ན་ཆུང་བྱིས་པའི་དགའ་ཚལ། སའི་གོ་ལ་ནི་ང་ཚོའི་ཐུན་མོང་གི་གཞིས་ཁྱིམ་ཡིན།
ཁུངས། ཀློག་གྲངས། 44

ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

【ཅོ་ཀའི་དྲུག་འགྱུར】ནང་དུ་ཚེ་རིང་དཔལ་འབར་གྱིས་བླངས་པའི་གླུ་དབྱངས《གངས་ཅན་བྱིས་གླུ》དང་སྒ་སྟོད་ཡུལ་ཚོ་ལྟེ་གནས་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་ཚོས་བླངས་པའི་གླུ་དབྱངས་མཉམ་ལེན《འབྲུག་མོའི་བསྟོད་གླུ》གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་ར་མ་དང་སྤྱང་ཀི བོང་བུ་གསུམ་གྱིས་སྤུན་སྒྲིག་པ་ཞེས་པའི་ངག་རྒྱུན་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་འཛམ་གླིང་སའི་གོ་ལའི་ཉིན་མོ་ནི་ཇི་ལྟར་བྱུང་བ་ཡིན་ཞེས་པ་དང་བྱིས་པས་ཚོན་ལྡན་བཟའ་ཆས་ཀྱི་རིགས་མང་པོ་ཟ་མི་རུང་ཞེས་པའི་རྒྱུན་ཤེས་ཐུང་ངུ་གཉིས་དང་། བྱིས་པའི་བདེ་འཇགས་ཀྱི་སེམས་ཚོར་ཇི་ལྟར་གསོ་དགོས་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཅས་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་དོན་འགྲུབ།  ནོར་བུ་མཚོ།

ལྟ་སྐུལ་བ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་བ། དབང་གྲགས་ཚེ་རིང་།