ན་ཆུང་བྱིས་པའི་དགའ་ཚལ། འཛམ་གླིང་དཔེ་ཀློག་ཉིན་མོའི་བྱུང་འཕེལ།
ཁུངས། ཀློག་གྲངས། 79

【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་ཕག་མོ་ཌཱཀིས་བླངས་པའི་བྱིས་གླུ《རི་བོང་བློ་ལྡན》དང་བསྟན་འཛིན་ཟླ་སྒྲོན་གྱིས་བླངས་པའི་བྱིས་གླུ《དགེ་རྒན་གྱི་བཀའ་དྲིན》གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་བྱིས་སྒྲུང《བགྲེས་མོ་དང་གཞོན་ནུ》དང་ཞིན་ཧེ་རྫོང་དཔལ་ཁ་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མ་འཇམ་དཔལ་མཚོས་བཤད་པའི་གནའ་གཏམ《རི་བོང་བློ་ལྡན་དང་ཨ་ཁུ་སེང་གེ》བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ལས《འཛམ་གླིང་དཔེ་ཀློག་ཉིན་མོའི་བྱུང་འཕེལ》དང་བྱིས་རྩོམ་གྱེར་འདོན《གལ་ཏེ་ང་རང་དཔེ་ཆ་ཞིག་ཡིན་ཚེ》གཉིས་བཀོད་སྒྲིག་བྱས་ཡོད།

བསླབ་སྦྱངས་དུས་ན་གཡེལ་བ་དེས།།

མཁས་འདོད་རེ་བ་འབྲས་མེད་ཡིན།།

མེ་ཏོག་སད་ཀྱིས་ཁྱེར་བ་ཡི།།

ཤིང་ལ་འབྲས་བུའི་རེ་བ་མེད།།

ཆུ་ཤིང་བསྟན་བཅོས་ལས་དྲངས།

དཔེ་ཆ་བཟང་བོ་ཞིག་ཀློག་པ་ནི་མི་ཡ་རབས་ཤིག་ལ་ཁ་བརྡ་བྱེད་པ་དང་མཚུངས།

གནའ་གཏམ《རི་བོང་བློ་ལྡན་དང་ཨ་ཁུ་སེང་གེ》ཡི་བར་བཅུག་རི་མོ།

མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།