
【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་རྡོ་རྗེ་མཚོ་མོས་བླངས་པའི་བྱིས་གླུ《ཨ་ཁུ་ཉི་མ》དང་རིག་འཛིན་སྒྲོལ་མས་བླངས་པའི་བྱིས་གླུ《བྱེའུ་ལགས》གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་ལེགས་བཤད་གཏམ་རྒྱུད《རི་བོང་ཅལ་འདྲོགས》དང་ཁ་ཤགས《ཁྱིམ་བདག》གཉིས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ལས《བོད་ཡིག་པར་སྐྲུན་གྱི་ལས་རིགས་དུས་ནམ་ཞིག་ལ་དར་བ་རེད》དང་བྱིས་རྩོམ་གྱེར་འདོན་ལས་འཕྲང་དམར་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་མ་རྡོ་རྗེ་འབུམ་གྱིས་བྲིས་པའི་བྱིས་རྩོམ《ལུ་གུ་ཆུང་ཆུང》གཉིས་བཀོད་སྒྲིག་བྱས་ཡོད།
ཐ་ཤལ་རྣམས་ནི་མགུ་སླ་ཞིང་། ། མགུ་བའི་མོད་ལ་ཁྲེལ་ཡང་སླ། །
ཕུ་ཐག་ཐུང་བའི་ཆུ་ཕྲན་དེ། ། བྲུབས་དང་བྲི་བ་ཡུད་ཙམ་ཡིན། །
ཆུ་ཤིང་བསྟན་བཅོས་ལས་དྲངས།

ལེགས་བཤད་གཏམ་རྒྱུད《རི་བོང་ཅལ་འདྲོགས》ཀྱི་བར་བཅུག་རི་མོ།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
ལྟ་སྐུལ་པ། བསོད་ནམས་རིན་ཆེན།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།