
ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་དེ།
【ཅོ་ཀའི་དྲུག་འགྱུར】ནང་དུ་ལྷ་མོ་གཡང་འཛོམས་ཀྱིས་བླངས་པའི་གླུ་དབྱངས《སེང་གེ》དང་བློ་བཟང་ཐུབ་བསྟན་གྱིས་བླངས་པའི་རྡུང་ལེན《ང་ཡི་སྲིང་ཆུང》གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་དང་ཕྱུག་པོའི་བུ་དང་དབུལ་བོའི་བུ་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་དུས་ཚོད་དམ་འཛིན་བྱེད་རྒྱུ་ཆུང་ངུའི་དུས་ནས་གོམས་དགོས་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
ལྟ་སྐུལ་བ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་བ། དབང་གྲགས་ཚེ་རིང་།