
【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་མེ་ཏོག་མཚོ་མོས་བླངས་པའི་བྱིས་གླུ《མེ་ཏོག་གངས་ལྷ》དང་གནམ་སྐྱིད་སྒྲོལ་མས་བླངས་པའི་བྱིས་གླུ《དབྱངས་གསལ་སོ་བཞི》གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་གནའ་གཏམ《གཡོ་ཅན་ཝ་མོ་དང་ཁྱིམ་བྱ་དམར་པོ》དང་བྱིས་སྒྲུང《གཡག་རྒོད་ལུ》ཁ་ཤགས《རྩེད་གྲོགས་ཆུང་ཆུང》བཅས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ལས《བོད་ཀྱི་མཁས་པ་མི་གསུམ་དང་ལོ་ཙྭ་བ་གཞོན་གསུམ་གང་དག་ཡིན》དང་བྱིས་རྩོམ་གྱེར་འདོན་ལས་སློབ་མ་གུ་རུ་སྐྱིད་ཀྱིས་བྲིས་པའི《ང་བོད་ཡིག་སྦྱངས་པར་དགའ》བཀོད་སྒྲིག་བྱས་ཡོད།
ཡ་རབས་མཛངས་སྤྱོད་དཔོན་དང་འབངས། ། ཕན་ཚུན་ལེགས་ཚོགས་གོང་དུ་སྤེལ། །
རྒྱ་མཚོ་ཆེ་དང་ཆུ་བོ་རྣམས། ། རེས་མོས་ཚུལ་གྱིས་གྲོགས་སུ་འགྱུར། །
ཆུ་ཤིང་བསྟན་བཅོས་ལས་དྲངས།

གནའ་གཏམ《ཝ་མོ་གཡོ་ཅན་དང་ཁྱིམ་བྱ་དམར་པོ》ཞེས་པའི་བར་བཅུག་རི་མོ།

བྱིས་སྒྲུང《གཡག་རྒོད་ལུ》ཞེས་པའི་བར་བཅུག་རི་མོ།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།