
ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད་དེ།
【ཅོ་ཀའི་དྲུག་འགྱུར】ནང་དུ་མེ་ཏོག་མཚོ་མོས་བླངས་པའི་གླུ་དབྱངས་ཁ་བ་བོད་ཀྱི་གཅེས་ཕྲུག་ཅེས་པ་དང་སྒྲོལ་མ་འཚོས་བླངས་པའི་གླུ་དབྱངས་བརྩེ་བའི་གླུ་གཞས་ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་ནགས་བྱི་ཡིས་སྲེག་སྒོང་བརླགས་པ་ཞེས་པའི་གཏམ་རྒྱུད་ཅིག་བཤད་པ་བརྒྱུད་རྒྱུན་སྤྱོད་གཏམ་དཔེ་གསུམ་ལ་སློབ་སྦྱོང་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་གངས་རྒྱན་ན་ཆུང་ཚགས་པར་ལས་བདམས་པའི་གཞན་གྱི་བཀའ་དྲིན་ནམ་ཡང་བརྗེད་མི་རུང་ཞེས་པའི་རྩོམ་ཐུང་ལེགས་པོ་ཞིག་དང་ཐམས་ཅད་ཤེས་པར་འདོད་པ་དེས། ཁོང་དུ་ཆུད་པ་གཅིག་ཀྱང་མེད་ཅེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
ལྟ་སྐུལ་བ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་བ། དབང་གྲགས་ཚེ་རིང་།