
【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་དབྱངས་ཅན་ལྷ་མོས་བླངས་པའི་བྱིས་གླུ《དགེ་རྒན》དང་གཅོད་པ་སྐྱིད་ཀྱིས་བླངས་པའི་བྱིས་གླུ《སེམས་ཁོང་གི་རེ་འདུན》གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་གནའ་གཏམ《བུ་མོ་གསེར་སྒྲོན》དང་བྱིས་སྒྲུང《དོམ་གསུམ་དང་བུ་མོ་ཆུང་ཆུང》གཉིས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ལས《བོད་རྒྱལ་སྲོང་བཙན་སྒམ་པོས་གཏན་འབེབས་བྱས་པའི་མི་ཆོས་གཙང་མ་བཅུ་དྲུག་གང་དག་རེད》དང་བྱིས་རྩོམ་གྱེར་འདོན《བློ་དང་ལྡན་པའི་གླང་ཆེན》བཀོད་སྒྲིག་བྱས་ཡོད།
རྗེ་འབངས་མཐུན་ན་དགྲ་སྡེ་ཡིས། ། ཐུབ་དཀའ་སོ་སོར་གྱེས་ན་མིན། །
རྟ་ཡིས་བརྒལ་དཀའི་ཆུ་བོ་ཡང་། ། མང་དུ་གྱེས་ན་ལུག་ཀྱང་བགྲོད། །
ཆུ་ཤིང་བསྟན་བཅོས་ལས་དྲངས།

བྱིས་རྩོམ་གྱེར་འདོན《བློ་དང་ལྡན་པའི་གླང་ཆེན》གྱི་མཚོན་དོན་རི་མོ།

བྱིས་སྒྲུང《དོམ་གསུམ་དང་བུ་མོ་ཆུང་ཆུང》གི་བར་བཅུག་རི་མོ།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་ཤིས་རྒྱ་མཚོ།
རྩོམ་འགན་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།