ན་ཆུང་བྱིས་པའི་དགའ་ཚལ། སློབ་སྦྱོང་ནི་རྩེད་འཇོའི་རིགས་ཤིག་ཡིན།
ཁུངས། ཀློག་གྲངས། 1

【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་སྐལ་བཟང་བསམ་གཏན་གྱིས་བླངས་པའི་བྱིས་གླུ《གངས་ལྗོངས་བསྟོད་གླུ》དང་བསྟན་འཛིན་སྣང་སྐྱིད་ཀྱིས་བླངས་པའི་བྱིས་གླུ《སློབ་རའི་གཞས་ཆུང》གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་གནའ་གཏམ《སྣང་བུ་རྒྱལ་བོ་བསམ་འགྲུབ》དང་བྱིས་སྒྲུང《རི་བོང་དང་སེང་གེ》གཉིས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ལས《སློབ་སྦྱོང་ནི་རྩེད་འཇོའི་རིགས་ཤིག་ཡིན》ཞེས་པའི་ཁག་གཉིས་པ་དང་བྱིས་རྩོམ་གྱེར་འདོན་ལས་གྲོགས་པོ་ཆུང་ཆུང་གཡང་དཀར་ལྷ་མོས་གྱེར་བའི་བྱིས་རྩོམ《དེ་རིང་ཉི་མ་དྲོ་དྲོ》བཀོད་སྒྲིག་བྱས་ཡོད།

བློ་གྲོས་ཆེན་པོ་རྒུད་ན་ཡང་། ། ལྷག་པར་བློ་གྲོས་སྟོབས་ལྡན་འགྱུར། །

རི་དྭགས་རྒྱལ་པོ་བཀྲེས་པ་ན། ། གླང་ཆེན་སྤྱི་བོ་མྱུར་དུ་འགེམས། །

ས་སྐྱ་ལེགས་བཤད་ལས་དྲངས།

བྱིས་སྒྲུང《རི་བོང་དང་སེང་གེ》ཡི་བར་བཅུག་རི་མོ།

སློབ་སྦྱོང་ནི་རྩེད་འཇོའི་རིགས་ཤིག་ཡིན།

མདོ་འཛིན་པ་དང་རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ།  བསོད་ནམས་དོན་འགྲུབ་དང་ནོར་བུ་མཚོ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།  བསོད་ནམས་རིན་ཆེན།