ན་ཆུང་བྱིས་པའི་དགའ་ཚལ། བདག་པོར་བློ་དཀར་བའི་ཁྱི་རྒན།
ཁུངས། ཀློག་གྲངས། 1

【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་བསྟན་འཛིན་ཀུན་གསལ་དང་ཁ་པར་སྦྲེལ་ནས་ཁོ་མོའི་དབྱར་གནང་གི་འཚོ་བའི་ཐད་ནས་ཁ་བརྡ་ཐུང་ངུ་ཞིག་བྱ་རྒྱུ་ཡིན་ལ། དེ་མིན་ཁོ་མོས་གསར་དུ་སྒྲར་བླངས་པའི་བྱིས་གླུ《གངས་རིའི་སྒྲོལ་མ》བཀོད་སྒྲིག་བྱས་ཡོད།ད་དུང་རྟ་བྲག་བུ་མོ་ཚན་སྡེབ་ཀྱིས་བླངས་པའི་བྱིས་གླུ《ཨ་ཁུ་ཉི་མ》བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་གནའ་གཏམ《བདག་པོར་བློ་དཀར་བའི་ཁྱི་རྒན》དང་རིས་སྒྲུང《འདྲེ་གླང་མགོ་ཅན》གཉིས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ལས《ཨ་མྱེས་རྨ་ཆེན་གྱི་ཆགས་ཡུལ་གང་དང་ཆགས་དབྱིབས་ག་འདྲ་ཡིན》དང་བྱིས་རྩོམ་གྱེར་འདོན་ལས་གྲོགས་པོ་ཆུང་ཆུང་གཡང་དཀར་ལྷ་མོས་གྱེར་བའི་བྱིས་རྩོམ《ཆུ་མིག་སྔོ་ར》བཀོད་སྒྲིག་བྱས་ཡོད།

བློ་དང་ལྡན་ན་མ་སྨྲས་ཀྱང་། ། རྣམ་འགྱུར་ཉིད་ལས་བསམ་པ་གོ། །

བལ་བོའི་སེའུ་མ་ཟོས་ཀྱང་། ། ཁ་དོག་ཉིད་ལས་བྲོ་བ་ཤེས། །

ས་སྐྱ་ལེགས་བཤད་ལས་དྲངས།

གནའ་གཏམ《བདག་པོར་བློ་དཀར་བའི་ཁྱི་རྒན》གྱི་མཚོན་དོན་རི་མོ།

རིས་སྒྲུང《འདྲེ་གླང་མགོ་ཅན》གྱི་བར་བཅུག་རི་མོ།


མདོ་འཛིན་པ་དང་རྩོམ་སྒྲིག་པ།  བཀྲ་ཤིས་རྒྱ་མཚོ།

རྩོམ་འགན་པ།  བསོད་ནམས་དོན་འགྲུབ་དང་ནོར་བུ་མཚོ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།  བསོད་ནམས་རིན་ཆེན།