
【ཅོ་ཀའི་དྲུག་འགྱུར】ནང་དུ་ན་གཞོན་གཞས་མ་བཀྲ་ཤིས་སྒྲོལ་མས་བླངས་པའི་བྱིས་གླུ《འབྲོག་གླུ》དང་གྲོགས་པོ་ཆུང་ཆུང་སྙིང་དཀར་རྒྱལ་གྱིས་བླངས་པའི་དམངས་གླུ《ཕྱིར་ལྟ》གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་གནའ་གཏམ《གླང་ཆེན་དང་ཙི་གུ》དང་རིས་སྒྲུང《ཁྭ་ཏས་གྲོགས་པོ་འཚོལ་བ》བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ལས《བྱིས་པའི་རུས་པ་ཆག་དུས་སྔ་མོ་ནས་རུས་ཁུ་འཐུང་མི་རུང》དང་བྱིས་རྩོམ་གྱེར་འདོན་ལས《དགེ་སློབ་ཀྱི་གཏམ་རྒྱུད》བཀོད་སྒྲིག་བྱས་ཡོད།
དལ་འབྱོར་སྙིང་པོ་མ་བླངས་ན། ། དུད་འགྲོའི་རྟེན་དང་གཉིས་སུ་མེད། །
ཨ་མྲའི་འབྲས་བུ་མི་སྤྱོད་ན། ། ཨེ་རཎྜ་དང་ཁྱད་པར་ཅི། །
ཆུ་ཤིང་གི་བསྟན་བཅོས་ལས་དྲངས།

བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་ཞག་འདུག་སློབ་ཆུང་གི་སྐར་ཆུང་ཚན་སྡེབ་སྟེ་སློབ་གྲོགས་ཆུང་ཆུང་མགོན་པོ་བཀྲ་ཤིས། ཀླུ་མོ་ཚེ་རིང་། སྐལ་བཟང་སྒྲོལ་མ་བཅས་ཀྱི་མཉམ་པར།
རྩོམ་སྒྲིག་པ་དང་མདོ་འཛིན་པ། བཀྲ་རྒྱམ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།