
【ཅོ་ཀའི་དྲུག་འགྱུར】ནང་དུ་ཐུན་ཏེ་རྫོང་སྟག་གསོད་བཅའ་སྡོད་སློབ་ཆུང་གི་སློབ་མ་འཕགས་མོ་འཛོམས་སྐྱིད་ཀྱིས་བླངས་པའི་བྱིས་གླུ《རྩེད་ལ་འགྲོ》དང་བྱིས་གླུ་མཉམ་ལེན《ཨ་ཁུ་སྟག་སྟག》གཉིས་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་གནའ་གཏམ《ཡིད་བཞིན་ཅ་ནེ 》དང་རིས་སྒྲུང《ཆར་ཞོད་ལ་བཞོལ་བའི་གྲོགས་པོ་ཚོ》གཉིས་བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་བདེ་ཐང་རྒྱུན་ཤེས་ལས《བདེ་ཐང་གི་འཚོ་བ་རོལ་སྟངས》དང་བྱིས་རྩོམ་གྱེར་འདོན《བདག་གི་སློབ་སྦྱོང་ཁྲོད་ཀྱི་འདས་དོན་ཞིག》བཀོད་སྒྲིག་བྱས་ཡོད།
ཀ་གདུང་ལྕམ་དང་དྲལ་མ་རྣམས། ། ཚོགས་པས་ཡིད་འོང་ལྡིང་ཁང་སྟེ། །
ལྷག་པའི་བསླབ་པ་གསུམ་ཚོགས་པས། ། ཐར་པ་དམ་པའི་ཁང་བཟང་འགྲུབ། །
ཆུ་ཤིང་བསྟན་བཅོས་ལས་དྲངས།

ཐུན་ཏེ་རྫོང་སྟག་གསོད་བཅའ་སྡོད་སློབ་ཆུང་གི་སློབ་མ་འཕགས་མོ་འཛོམས་སྐྱིད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། བཀྲ་རྒྱམ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་དོན་འགྲུབ། ནོར་བུ་མཚོ།
ལྟ་སྐུལ་པ། རྟ་མགྲིན་མཚོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།