ན་ཆུང་བྱིས་པའི་དགའ་ཚལ། ཐབས་ལེགས་གསེར་གྱི་ཐིགས་པ།
ཁུངས། ཀློག་གྲངས། 3

【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་རྡོ་རྗེ་དཔལ་མོས་བླངས་པའི་བྱིས་གླུ《དུས་བཞིའི་འགྱུར་ཁུགས》དང་རྡོ་རྗེ་མཚོས་བླངས་པའི་བྱིས་གླུ《དབྱངས་གསལ་སོ་བཞིའི་མཆོད་པ》གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་གནའ་གཏམ《ལྕམ་སྲིང་གཉིས་ཀྱི་གཏམ་རྒྱུད》དང་བྱིས་སྒྲུང《ཟླ་འོད་དང་ཁྲོན་པ》གྲོགས་པོ་ཆུང་ཆུང་བསོད་ནམས་དབང་ཆེན་གྱིས་བཤད་པའི་ཁ་བཏགས་ཀྱི་བསྟོད་པ་བཅས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་འཚོ་བའི་རྒྱུན་ཤེས་ལས《ཐབས་ལེགས་གསེར་གྱི་ཐིགས་པ》ཞེས་པའི་ཁག་གཉིས་པ་དང་བྱིས་རྩོམ་གྱེར་འདོན《བེའུ་ཆུང་ཆུང》བཀོད་སྒྲིག་བྱས་ཡོད།

ཡོངས་སྨིན་འབྲས་བུས་སྤ་བ་ཡི། ། རྐང་འཐུང་དེ་ལ་སྐྱེ་བོ་འདུ། །

འཇུངས་མེད་གཏོང་བའི་དཔལ་ཡོན་ཅན། ། དེ་ཡིས་སྐྱེ་དགུའི་རེ་བ་སྐོང་། །

ཆུ་ཤིང་བསྟན་བཅོས་ལས་དྲངས།

བེའུ་ཆུང་ཆུང་ཞེས་པའི་དཔེ་མཚོན་རི་མོ།

རྩོམ་སྒྲིག་པ་དང་མདོ་འཛིན་པ།  བཀྲ་རྒྱམ།

རྩོམ་སྒྲིག་འགན་ཁུར་པ།  བསོད་ནམས་དོན་འགྲུབ། ནོར་བུ་མཚོ།

ལྟ་སྐུལ་པ། རྟ་མགྲིན་མཚོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།