ན་ཆུང་བྱིས་པའི་དགའ་ཚལ། ཙི་གུ་དང་གླང་ཆེན།
ཁུངས། ཀློག་གྲངས། 8

【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་ཕོག་མོ་སྐྱིད་ཀྱིས་བླངས་པའི་རྡུང་ལེན《རྟ་གྱི་ལིང་ཞོན་པའི་བུ་མོ་ང》དང་གཡང་ཕྱུག་སྐྱིད་ཀྱིས་བླངས་པའི་སྒྲུང་གླུ《གླུ་ཐ་ལ་ལ་མོ་ངག་ལ་འགུག》གཉིས་བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་གནའ་གཏམ《སྤྱང་བོ་དང་གླེན་པ》དང་གྲོགས་པོ་ཆུང་ཆུང་ཕག་མོ་གཡང་སྒྲོན་གྱིས་བཤད་པའི་བྱིས་སྒྲུང《ཙི་གུ་དང་གླང་ཆེན》གྲོགས་པོ་ཆུང་ཆུང་བསོད་ནམས་དབང་ཆེན་གྱི་བཤད་པ《སྟོན་བཤད་ཐོས་པ་འཛུམ་ཤོར》་བཅས་བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་འཚོ་བའི་རྒྱུན་ཤེས་ལས《ཐབས་ལེགས་གསེར་གྱི་ཐིག་པ》ཞེས་པའི་ཁག་གསུམ་པ་དང་བྱིས་རྩོམ་གྱེར་འདོན《གནས་མཆོག་བྲག་ཁ་ཆུ》བཀོད་སྒྲིག་བྱས་ཡོད།

ཚེར་མ་ཟུག་པའི་ལན་དུ་སླར། ། ཁུ་ཚུར་རྡེག་པ་བཞད་གད་རྒྱུ། །

གནོད་བྱེད་ལ་ཡང་སླར་ཁྲོ་བ། ། རང་ཉིད་ཉམས་པའི་རྒྱུ་རུ་ཟད། །

ཆུ་ཤིང་བསྟན་བཅོས་ལས་དྲངས།

བྱིས་སྒྲུང《ཙི་གུ་དང་གླང་ཆེན》ཞེས་པའི་དཔེ་མཚོན་རི་མོ།

རྩོམ་སྒྲིག་པ་དང་མདོ་འཛིན་པ།  བཀྲ་རྒྱམ།

རྩོམ་སྒྲིག་འགན་ཁུར་པ།  བསོད་ནམས་དོན་འགྲུབ། ནོར་བུ་མཚོ།

ལྟ་སྐུལ་པ། རྟ་མགྲིན་མཚོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།