
ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་གྱི་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་སྲིད་པའི་རྩེད་ར། རིག་པའི་སྐར་ཁུང་བཅས་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཕུན་ཚོགས་སྐྱིད་ཀྱིས་བླངས་པའི་རྡུང་ལེན་རྟ་ཐོག་གི་རྡུང་ལེན་ཞེས་པ་བཀོད་སྒྲིག་བྱས་ཡོད།
༢ སྲིད་པའི་རྩེད་རའི་ནང་དུ་མཚོ་སྔོན་ཞིང་ཆེན་ཐེངས་དགུ་བའི་སློབ་གྲྭ་ཆུང་འབྲིང་གི་གསར་གཏོད་ཇུས་འགོད་འགྲན་སྡུར་ཆེན་མོ་སྐབས་བཅུ་དྲུག་པའི་འཕྲུལ་མི་གསར་གཏོད་འགྲན་སྡུར་གྱི་གནས་ཚུལ་མདོར་བསྡུས་ཤིག་དང་། དེ་ལས་བྱ་དགའ་ཐོབ་མཁན་གྱི་ཞིན་ཧེ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་གྲོགས་འགས་རང་གི་འགྲན་ཞུགས་བརྩམས་ཆོས་ངོ་སྤྲོད་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི༼ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིག༽ཅེས་པ་ལས་བྱིས་པའི་ལེགས་ཆ་མང་པོ་ཤེས་རྟོགས་བྱས་ནས་སྐྱོན་བརྗོད་ཇེ་ཉུང་དུ་གཏོང་དགོས་ཅེས་པའི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།

ཐེངས་འདིའི་ལེ་ཚན་ཁྲོད་ཞུགས་མཁན། སློབ་མ་པད་དཀར་དབང་མོ་དང་ཟླ་དཀར་ཆོས་སྒྲོན།

འགྲན་ཞུགས་ཀྱི་ཟུར་ཙམ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ལྷ་རྒྱལ་བཀྲ་ཤིས།
ལྟ་སྐུལ་བ། རྟ་མགྲིན་འཚོ།
སྤྱི་ཁྱབ་ལྟ་སྐུལ་བ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།