
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཕུར་བུ་འཕྲིན་ལས་ཀྱིས་བླངས་པའི་གླུ་དབྱངས་གུང་གསེང་ཞེས་པ་དང་རྡུང་ལེན་མཉམ་ལེན་མཐར་ཕྱིན་གླུ་ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་སྐར་ཚོམ་ཁྲོད་ཀྱི་ཟླ་བ་སྒྲོལ་མ་ཞེས་པའི་རིས་སྒྲུང་དཔེ་ཚོགས་ལས་རྐང་པ་ཟླ་བར་གཡར་བ་ཞེས་པའི་གཏམ་རྒྱུད་ཅིག་དང་ཁྲོས་མ་གསེར་ཆེན་གྱིས་བཤད་པའི་ཕོ་རོག་དང་སྦལ་བ་ཞེས་པའི་གཏམ་རྒྱུད་ཅིག་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་བྱིས་པའི་རང་རྟོན་གསོ་ཐབས་འགའ་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ལྷ་རྒྱལ་བཀྲ་ཤིས།
ལྟ་སྐུལ་པ། ཕྱུག་ལོ།
སྤྱིའི་ལྟ་སྐུལ་བ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།