ན་ཆུང་བྱིས་པའི་དགའ་ཚལ། པགས་བྱེའུ་དང་བྱེའུ་མཐེ་བོང་།

ཁུངས། ཀློག་གྲངས།

ངན་པས་ཐོག་མར་ཚིག་གིས་འབྲིད།། བག་ཕེབས་གྱུར་ན་ཕྱི་ནས་བསླུ།།

ཉ་པས་ཟས་ཀྱིས་ཁ་བྲིད་ནས།། ཉ་རྣམས་གསོད་པར་བྱེད་ལ་ལྟོས།།

ས་སྐྱ་ལེགས་བཤད་ལས་དྲངས།

【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་ཀླུ་མོ་སྒྲོལ་མས་བླངས་པའི་བྱིས་གླུ《བུ་མོ་ཆུང་ཆུང》དང་གྲོགས་པོ་ཆུང་ཆུང་ཤེས་དཔལ་ཚེ་རིང་གིས་བླངས་པའི་དམངས་གླུ《དྲིན་གྱི་རྟ་ཕོ》བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་གྲོགས་པོ་ཆུང་ཆུང་ལྷ་མཛེས་ཀྱིས་བཤད་པའི་གནའ་གཏམ《པགས་བྱེའུ་དང་བྱེའུ་མཐེ་བོང》དང་བྱིས་སྒྲུང《ཡིད་བཞིན་ཅ་ནེ》བཀོད་སྒྲིག་བྱས་ཡོད།

【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་བདེ་ཐང་རྒྱུན་ཤེས་ངོ་སྤྲོད་ལས《ཞེ་ཚིག་བྱིས་པའི་ངག་རྒྱན》ལས་རྒྱུན་སྤྱོད་ཞེ་ཚིག་འགའ་དང་བྱིས་རྩོམ་གྱེར་འདོན་ལས《དཔྱིད་དཔལ་ལ་བསྔགས་པ》བཀོད་སྒྲིག་བྱས་ཡོད།

གནའ་གཏམ《པགས་བྱེའུ་དང་བྱེའུ་མཐེ་བོང》གི་དཔེ་མཚོན་པར་རིས།

མདོ་འཛིན་པ་དང་རྩོམ་སྒྲིག་པ།  བཀྲ་རྒྱམ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས།  ནོར་བུ་མཚོ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ།  དབང་གྲགས་ཚེ་རིང་།  བསོད་ནམས་རིན་ཆེན།