
ལེགས་བཤད་མཁས་པའི་བློ་གྲོས་ཀྱིས། །གོ་ཡི་བླུན་པོས་དེ་ལྟར་མིན། །
ཉི་མའི་འོད་ཟེར་ཤར་བ་ན། །འབྱུང་པོའི་བྱ་རྣམས་ལོང་བར་འགྱུར། །
ས་སྐྱ་ལེགས་བཤད་ལས་དྲངས།
【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་འཇིགས་མེད་སྒྲོལ་མས་བླངས་པའི་བྱིས་གླུ《ང་ནི་སློབ་མ་ཆུང་ཆུང་ཡིན》དང་སློབ་གྲོགས་ཀུན་ཤེས་དང་རྡོ་རྗེ་སྒྲོལ་མ་གཉིས་ཀྱིས་བླངས་པའི་གླུ་ཤགས་ཚན་པ་ཞིག་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་གནའ་གཏམ《རི་བོང་དང་རྒན་མོ་མ་བུ་གཉིས》དང་བྱིས་སྒྲུང《གཡག་རྒོད་ལུ》བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ངོ་སྤྲོད་ལས《ནེ་ལོ་གཙང་བོ》དང་སློབ་གྲོགས་ཆོས་མོས་བྲིས་པའི་བྱིས་རྩོམ《ཕུགས་བསམ》བཀོད་སྒྲིག་བྱས་ཡོད།

གྲོགས་པོ་ཆུང་ཆུང་ཚེ་འཛིན་དབང་མོས་བཤད་པའི་གནའ་གཏམ༼རི་བོང་དང་རྒན་མོ་མ་བུ་གཉིས༽ཀྱི་དཔེ་མཚོན་པར་རིས།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་རྒྱམ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།