ན་ཆུང་བྱིས་པའི་དགའ་ཚལ། ཕ་མའི་དཔེ་སྟོན་ནི་བྱིས་པའི་ཆེས་བཟང་བོའི་སློབ་གསོ་ཡིན།

ཁུངས། ཀློག་གྲངས།

༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཀླུ་མོ་ཡག་གིས་བླངས་པའི་གླུ་དབྱངས་བོད་པའི་བུ་མོ་ཞེས་པ་དང་བསྟན་འཛིན་སྣང་སྐྱིད་ཀྱིས་བླངས་པའི་རྡུང་ལེན་ཨ་ཁུ་པདྨ་ཞེས་པ་གཉིས་བཀོད་སྒྲིག་བྱས་ཡོད།

 ཐོས་པ་དགའ་སྐྱེད་ཀྱི་ནང་དུ་དབྱངས་གསལ་གྱི་གཤོག་པ་ཞེས་པའི་བསླབ་ཕྱིའི་དེབ་ཆུང་ལས་ཨ་བོ་བྱེའུ་ཆུང་ཞེས་པའི་གཏམ་རྒྱུད་ཅིག་དང་མ་ཡུམ་སློབ་གྲྭར་བསྟོད་པ་ཞེས་པའི་བཤད་པ་ཐུང་ངུ་ཞིག  ཚེ་འཛིན་དབང་མོས་བཤད་པའི་རི་བོང་དང་རྒན་མོ་མ་བུ་གཉིས་ཞེས་པའི་གཏམ་རྒྱུད་ཅིག་བཅས་བཀོད་སྒྲིག་བྱས་ཡོད།

 ༣ རིག་པའི་སྐར་ཁུང་གི་ནང་དུ་གཡས་དང་གཡོན་ཞེས་པའི་བློ་རིག་འགྲན་པའི་དྲི་བ་ཞིག་དང་ཕ་མའི་དཔེ་སྟོན་ནི་བྱིས་པའི་ཆེས་བཟང་བོའི་སློབ་གསོ་ཡིན་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་བ། ལྷ་རྒྱལ་བཀྲ་ཤིས།

ལྟ་སྐུལ་བ། ཕྱུག་ལོ།

སྤྱིའི་ལྟ་སྐུལ་བ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།