
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་གླིང་མཚོ་སྐྱིད་ཀྱིས་བླངས་པའི་གླུ་དབྱངས་མཐོ་སྒང་གི་མེ་ཏོག་ཅེས་པ་དང་གཡང་ཕྱུག་སྐྱིད་བླངས་པའི་ལྭ་བ་ཆུང་ཆུང་ཞེས་པ་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་དབྱངས་གསལ་གྱི་གཤོག་པ་ཞེས་པའི་བསླབ་ཕྱིའི་དེབ་ཆུང་ལས་ནོར་འཁྲུལ་ཁ་མོ་ཞེས་པའི་གཏམ་རྒྱུད་ཅིག་དང་བློ་བཟང་འཕྲིན་ལས་ཀྱིས་བཤད་པའི་རྟ་བཤད་ཐུང་ངུ་ཞིག གངས་དཔལ་ནོར་བུས་བཤད་པའི་སྤྱང་ཀི་དང་རེའུ་བདུན་ཞེས་པའི་གཏམ་རྒྱུད་ཅིག ཕྱི་གླིང་དམངས་ཁྲོད་གཏམ་རྒྱུད་ལས་སྤྲེའུ་དང་སྦལ་བ་ཞེས་པའི་གཏམ་རྒྱུད་ཅིག་བཅས་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་ཇི་ལྟར་རང་ཁྱིམ་ནས་སློབ་སྦྱོང་བྱེད་པའི་ཐབས་ཤེས་འགའ་ཞེས་པའི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།

ཐེངས་འདིའི་ལེ་ཚན་ཁྲོད་ཀྱི་གཏམ་རྒྱུད་བཤད་མཁན། གངས་དཔལ་ནོར་བུ།
རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་བ། ལྷ་རྒྱལ་བཀྲ་ཤིས།
ལྟ་སྐུལ་བ། ཕྱུག་ལོ།
སྤྱིའི་ལྟ་སྐུལ་བ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།
