ན་ཆུང་བྱིས་པའི་དགའ་ཚལ། ཆུ་ཐོར་སྐོར་གྱི་ཤེས་བྱ་རགས་བསྡུས།

ཁུངས། ཀློག་གྲངས།

ངེས་པར་འགྲུབ་དགོས་བྱ་བ་འགའ། ། མ་གྲུབ་པ་ནས་དཔྱོད་པའི་ཚེ། ། 

​མཁས་རྨོངས་གཉིས་ཀྱི་ཁྱད་པར་ཤེས། ། གྲུབ་ནས་དཔྱོད་པ་བླུན་པོ་ཚུལ། །

ས་སྐྱ་ལེགས་བཤད་ལས་དྲངས།

【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་འཇིགས་མེད་ཀུན་གྲོལ་གྱིས་བླངས་པའི་བྱིས་གླུ《ང་ནི་སློབ་མ་ཆུང་ཆུང་ཡིན》དང་གྲོགས་པོ་ཆུང་ཆུང་བསོད་ནམས་དབང་མོས་བླངས་པའི་བྱིས་གླུ《མེ་ཏོག་ཆུང་ཆུང》བཀོད་སྒྲིག་བྱས་ཡོད།

【ཐོས་པ་དགའ་སྐྱེད】ནང་དུ་གྲོགས་པོ་ཆུང་ཆུང་ཚེ་འཛིན་དབང་མོས་བཤད་པའི་གནའ་གཏམ《རི་བོང་དང་རྒན་མོ་མ་བུ་གཉིས》དང་བྱིས་སྒྲུང《མེ་ཏོག་ཨུ་དུམ་ཝ་ར》བཀོད་སྒྲིག་བྱས་ཡོད། 

【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་བདེ་ཐང་རྒྱུན་ཤེས་ངོ་སྤྲོད་ལས《ཆུ་ཐོར》སྐོར་གྱི་ཤེས་བྱ་རགས་ཙམ་དང་གྲོགས་པོ་ཆུང་ཆུང་ཀླུ་མོ་སྒྲོལ་མས་བྲིས་པའི་བྱིས་རྩོམ《དཔྱིད་ཀྱི་དཔལ་མོར་བསྔགས་པ》བཀོད་སྒྲིག་བྱས་ཡོད།

མདོ་འཛིན་པ་དང་རྩོམ་སྒྲིག་པ།  བཀྲ་རྒྱམ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས།  ནོར་བུ་མཚོ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ།  དབང་གྲགས་ཚེ་རིང་།  བསོད་ནམས་རིན་ཆེན།