
ཁ་བཤད་མང་ངམ་ཉུང་ཡང་རུང་། ། དགོས་དོན་ལག་ཏུ་བླངས་ན་གོ། །
ཆུ་ཞེང་ཆེ་ཆུང་ཇི་འདྲ་ཡང་། ། ཟབ་དང་མི་ཟབ་བརྒལ་ན་ཤེས། །
ཆུ་ཤིང་བསྟན་བཅོས་ལས་དྲངས།
【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་བསྟན་འཛིན་མགོན་པོས་བླངས་པའི་བྱིས་གླུ《དྲུག་གཅིག་བསུ་བའི་དབྱངས་རྟ》དང་གྲོགས་པོ་ཆུང་ཆུང་ཨོ་རྒྱན་འཕྲིན་ལས་ཀྱིས་བླངས་པའི་བྱིས་གླུ《གཡུ་ལོའི་རྩེ་ལ》ཞིག་བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་གྲོགས་པོ་ཆུང་ཆུང་པ་སངས་སྒྲོལ་མས་བཤད་པའི་གནའ་གཏམ《དགོ་ཡི་གཡུ་རྭ》དང་གར་ཆུང《གེ་སར་རྒྱལ་པོ》བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་བདེ་ཐང་རྒྱུན་ཤེས་ངོ་སྤྲོད་ལས《སིབ་བུའི་ནད་སྔོན་འགོག་དང་གསོ་བཅོས》སྐོར་གྱི་ཤེས་བྱ་རགས་ཙམ་དང་བྱིས་རྩོམ་གྱེར་འདོན《ཀ་ཕྲེང་བྱིས་པའི་སྙིང་གཏམ》བཀོད་སྒྲིག་བྱས་ཡོད།

ཐེངས་འདིའི་ལེ་ཚན་ནང་ཞུགས་པའི་ན་ཆུང་གཞས་པ་བསྟན་འཛིན་མགོན་པོ།

སིབ་བུའི་ནད་དང་འབྲེལ་བའི་རྒྱུན་ཤེས་དཔེ་རིས།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་རྒྱམ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།