
བློ་དང་མི་ལྡན་སྐྱེ་བོ་ཡིས། ། འབྱོར་པ་རྙེད་ཀྱང་སྤྱོད་མི་ཤེས། །
ཁྱི་ནི་སྐོམ་ཡང་ཆུ་ཀླུང་ལ། ། ཧུབ་ཀྱིས་མི་འཐུང་ལྡག་པར་བྱེད། །
ཆུ་ཤིང་བསྟན་བཅོས་ལས་དྲངས།
【ཅོ་ཀའི་དྲུག་འགྱུར】ནང་དུ་གྲོགས་པོ་ཆུང་ཆུང་པདྨ་དོན་འགྲུབ་ཀྱིས་བླངས་པའི་བྱིས་གླུ《སྐྲ་བཤད་བསམ་པའི་དོན་འགྲུབ》དང་རིན་ཆེན་རྣམ་རྒྱལ་གྱིས་བླངས་པའི་བྱིས་གླུ《མཐུན་པ་སྤུན་བཞི》བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་གྲོགས་པོ་ཆུང་ཆུང་འཇམ་དབྱངས་དཔལ་ལྡན་གྱིས་བཤད་པའི་གནའ་གཏམ《བྱེའུ་མགོ་དཀར》དང་གཡུ་འབྲུག་ཚེ་རིང་གིས་བཤད་པའི་བྱིས་སྒྲུང《སྟག་མཆོང་སར་ཝ་མ་མཆོངས》བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་བདེ་ཐང་རྒྱུན་ཤེས་ངོ་སྤྲོད་ལས《སྟོན་ཁར་སྔོན་འགོག་བྱེད་དགོས་པ་བཞི》དང་གཅོད་པ་ཚེ་རིང་གིས་བྲིས་པའི་བྱིས་རྩོམ《ཁྱི་གུ་དམར་པོ》བཀོད་སྒྲིག་བྱས་ཡོད།

གཅོད་པ་ཚེ་རིང་གིས་བྲིས་པའི་བྱིས་རྩོམ《ཁྱི་གུ་དམར་པོ》ཞེས་པའི་དཔེ་མཚོན་པར་རིས།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་རྒྱམ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།