
ཉམས་སྟོབས་ཆུང་བའི་སྐྱེ་བོས་ཀྱང་༎ ཆེན་པོ་གཞན་ལ་བསྟེན་ན་འགྲུབ༎
ཆུ་ཡི་ཐིགས་པ་ཉམས་ཆུང་ཡང་༎ མཚོ་དང་འདྲེས་ན་སྐེམ་མི་ནུས༎
ས་སྐྱ་ལེགས་བཤད་ལས་དྲངས།
【ཅོ་ཀའི་དྲུག་འགྱུར】ནང་དུ་བྱིས་གླུ་མཉམ་ལེན《ལྕང་མའི་རྩེ་ལ》དང་བྱིས་གླུ་མཉམ་ལེན《འབྲུག་མོའི་བསྟོད་གླུ》བཀོད་སྒྲིག་བྱས་ཡོད།【ཐོས་པ་དགའ་སྐྱེད】ནང་དུ་གནའ་གཏམ《བློན་ཆེན་མགར་དམ་པ》དང་བྱིས་སྒྲུང《ཟླ་བའི་སྟེང་གི་རི་བོང》བཀོད་སྒྲིག་བྱས་ཡོད།【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ངོ་སྤྲོད་ལས《ཟླ་མཆོད་དུས་ཆེན་གྱི་བྱུང་བ་ངོ་སྤྲོད》བྱིས་རྩོམ་གྱེར་འདོན་ལས《ཀ་ཕྲེང་ངག་གི་རོལ་དབྱངས》བཀོད་སྒྲིག་བྱས་ཡོད།

ཟླ་མཆོད་དུས་ཆེན་དང་འབྲེལ་བའི་རྒྱུན་ཤེས་ངོ་སྤྲོད་རགས་བསྡུས།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་རྒྱམ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།