
ཁོང་མཛངས་བསོད་ནམས་བསགས་པའི་མི། ། གཅིག་པུ་ཡིན་ཡང་ཀུན་ལས་རྒྱལ། །
རི་དྭགས་རྒྱལ་པོ་སེང་གེ་དང་། ། འཁོར་ལོས་བསྒྱུར་ལ་གྲོགས་མི་དགོས། །
ས་སྐྱ་ལེགས་བཤད་ལས་དྲངས།
【ཅོ་ཀའི་དྲུག་འགྱུར】ནང་དུ་གླིང་མཚོས་བླངས་པའི་བྱིས་གླུ《མཐོ་སྒང་གི་མེ་ཏོག》དང་རིག་འཛིན་སྒྲོལ་མས་བླངས་པའི་བྱིས་གླུ《བྱེའུ་ཆུང་གི་ནམ་མཁའ》བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་གནའ་གཏམ《གླང་ཆེན་དང་ཙི་གུ》དང་བྱིས་སྒྲུང《ཞྭ་མོ་དམར་ཆུང》བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་བདེ་ཐང་རྒྱུན་ཤེས་ངོ་སྤྲོད་ལས《ཆམ་རིམས》དང་བྱིས་རྩོམ་གྱེར་འདོན་ལས《བྷོ་ལ་ཐོའི་གཏམ་རྒྱུད》བཀོད་སྒྲིག་བྱས་ཡོད།

ན་ཆུང་བྱིས་པའི་བདེ་ཐང་རྒྱུན་ཤེས་ངོ་སྤྲོད་ལས《ཆམ་རིམས》སྔོན་འགོག་སྐོར་གྱི་ཤེས་བྱ།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་རྒྱམ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།