
ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།
༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་ཕེབས་ཤོག་ཅེས་པའི་གླུ་དབྱངས་མཉམ་ལེན་ཞིག་བཀོད་སྒྲིག་བྱས་ཡོད།
༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་ཕྱི་གླིང་དམངས་ཁྲོད་གཏམ་རྒྱུད་ལས་རུས་སྦལ་དང་སྤྲེའུ་གཉིས་ཀྱིས་སྡོང་བོ་བགོ་བཤའ་བརྒྱབ་པ་ཞེས་པའི་གཏམ་རྒྱུད་ཅིག་དང་སློབ་མའི་བཟང་ངན་ཞེས་པའི་བཞད་གར་ཞིག ཕག་མོ་འཚོས་བཤད་པའི་ཨ་ཁུ་རིག་བྷའི་ལུག་ཁྱུ་ཞེས་པའི་གཏམ་རྒྱུད་ཅིག་བཅས་བཀོད་སྒྲིག་བྱས་ཡོད།
༣ རིག་པའི་སྐར་ཁུང་གི་ནང་དུ་བྱིས་པའི་དཔེ་ཀློག་གི་སྤྲོ་སྣང་གསོ་ཐབས་ཞེས་པའི་ཁྱིམ་ཚང་སློབ་གསོའི་ཐད་ཀྱི་ཤེས་བྱ་ཐུང་ངུ་ཞིག་བཀོད་སྒྲིག་བྱས་ཡོད།

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱིའི་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།