ན་ཆུང་བྱིས་པའི་དགའ་ཚལ། ཡིད་བཞིན་ཅ་ནེའི་གཏམ་རྒྱུད།

ཁུངས། ཀློག་གྲངས།

  ཐེངས་འདིའི་ན་ཆུང་བྱིས་པའི་དགའ་ཚལ་ཐད་གཏོང་ལེ་ཚན་ནང་ཅོ་ཀའི་དྲུག་འགྱུར་དང་ཐོས་པ་དགའ་སྐྱེད། རིག་པའི་སྐར་ཁུང་བཅས་ཀྱི་ཚན་པ་ཆུང་ངུ་དག་བཀོད་སྒྲིག་བྱས་ཡོད།

༡ ཅོ་ཀའི་དྲུག་འགྱུར་གྱི་ནང་དུ་བསྟན་འཛིན་དབང་མོས་བླངས་པའི་མེ་ཏོག་གཅིག་ལ་འདབ་མ་གསུམ་ཞེས་པའི་གླུ་དབྱངས་ཤིག་བཀོད་སྒྲིག་བྱས་ཡོད།

༢ ཐོས་པ་དགའ་སྐྱེད་ཀྱི་ནང་དུ་བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ལས་ཡིད་བཞིན་ཅ་ནེ་ཞེས་པའི་གཏམ་རྒྱུད་ཅིག་དང་བཀྲ་ཤིས་འབྱུང་གནས་ཀྱིས་བཤད་པའི་ཕྱུགས་ཟོག་འཚོ་སྐྱོང་ཞེས་པའི་གཏམ་བཤད་ཐུང་ངུ་ཞིག   ཕུར་བ་འཚོས་བཤད་པའི་རི་བོང་གིས་དྲིན་ལན་འཇལ་བ་ཞེས་པའི་གཏམ་རྒྱུད་ཅིག་བཅས་བཀོད་སྒྲིག་བྱས་ཡོད།

༣ རིག་པའི་སྐར་ཁུང་གི་ནང་དུ་གཅན་རོང་བསྟན་འཛིན་ལགས་ཀྱི་སློབ་གསོའི་ལག་ལེན་རྣམ་བཤད་ལས་གསར་བཏོད་སློབ་གསོའི་སྐོར་གྱི་ཤེས་བྱ་མདོར་བསྡུས་ཤིག་བཀོད་སྒྲིག་བྱས་ཡོད།

​

རྩོམ་སྒྲིག་པ་དང་མདོ་འཛིན་པ། ནོར་བུ་མཚོ།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། 

ལྟ་སྐུལ་པ། ཕྱུག་ལོ།

སྤྱིའི་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།