
དམ་པའི་ཡོན་ཏན་སྦས་གྱུར་ཀྱང་། ། འཇིག་རྟེན་ཀུན་ལ་ཁྱབ་པར་གསལ། །
སྣ་མའི་མེ་ཏོག་ལེགས་བཀབ་ཀྱང་། ། དྲི་ཞིམ་ཀུན་ཏུ་ཁྱབ་པར་འགྱུར། །
ས་སྐྱ་ལེགས་བཤད་ལས་དྲངས།
【ཅོ་ཀའི་དྲུག་འགྱུར】ནང་དུ་གནམ་སྐྱིད་སྒྲོལ་མས་བླངས་པའི་བྱིས་གླུ《སྙིང་གི་གཅེས་ཕྲུག》དང་བསྟན་འཛིན་གླིང་རྒྱལ་གྱིས་བླངས་པའི་རྡུང་ལེན《ཨ་ཁུ་པདྨ》བཀོད་སྒྲིག་བྱས་ཡོད།
【ཐོས་པ་དགའ་སྐྱེད】ནང་དུ་བྱིས་སྒྲུང《བྱམས་སྐྱོང་གི་སྟོབས་ཤུགས》དང་ལེགས་བཤད་གཏམ་རྒྱུད《རི་བོང་གིས་སེང་གེ་བཏུལ་བ》བཀོད་སྒྲིག་བྱས་ཡོད།
【རིག་པའི་སྐར་ཁུང】ནང་དུ་ན་ཆུང་བྱིས་པའི་རྒྱུན་ཤེས་ངོ་སྤྲོད་ལས《དྲ་བར་ཞུགས་ན་ཕན་གནོད་ཅི་ཞིག་ཡོད》དང་བྱིས་རྩོམ་གྱེར་འདོན་ལས《ཉེས་འགེལ་ཐེབས་པའི་ཞི་ལ》བཀོད་སྒྲིག་བྱས་ཡོད།

བྱིས་སྒྲུང《བྱམས་སྐྱོང་གི་སྟོབས་ཤུགས》ཞེས་པའི་དཔེ་མཚོན་པར་རིས།
མདོ་འཛིན་པ་དང་རྩོམ་སྒྲིག་པ། བཀྲ་རྒྱམ།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། ནོར་བུ་མཚོ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་། བསོད་ནམས་རིན་ཆེན།