ལོ་ངོ་ཉེར་བདུན་རིང་ཧི་ནན་རྩྭ་ཐང་ལ་སྲུང་སྐྱོབ་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

wechat_2025-10-03_042038_246མཁའ་འགྲོ་ཚེ་རིངགཡོན་གྱི་དང་པོགིས་ས་གནས་དེ་གའི་མང་ཚོགས་ལ་ཕྱུགས་འཚོ་མཚམས་འཇོག་པའི་སྲིད་ཇུས་དྲིལ་སྒྲོག་བྱེད་ཀྱིན་པ། 

མཁའ་འགྲོ་ཚེ་རིང་གིས་ང་རང་རྩྭ་ཐང་དུ་འདུག་རྒྱུར་ཧ་ཅང་དགའ་བོ་ཡོད་ཅེས་བཤད་སྐབས། ཁོས་སྐེད་པ་སྒུར་ནས་གད་དམར་ཁུག་གི་རྩྭ་སའི་གནས་ཚུལ་ལ་ལྟ་ཞིབ་བྱེད་ཀྱིན་མཆིས། ཧི་ནན་རྫོང་གི་རྩྭ་སའི་བྱ་བའི་ས་ཚིགས་ཀྱི་འགོ་གཙོ་དེས་ཕལ་ཆེར་ལོ་ངོ་ཉེར་བདུན་ལྷག་ལ་རྩྭ་སའི་སྐོར་ནས་བྱ་བ་བསྒྲུབ་མོད། འོན་ཀྱང་ཁོང་གིས་རྩྭ་ཐང་ལ་བཅངས་པའི་བརྩེ་བ་དེ་ནམ་ཡང་བརྗེད་ཐབས་མེད།

ཉེ་ལམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གད་དམར་ཁུག་གི་སྐྱེ་ཁམས་སླར་གསོའི་ཡུལ་དངོས་སུ། ང་ཚོས་དེར་ལས་ཀ་ལས་བཞིན་པའི་མཁའ་འགྲོ་ཚེ་རིང་མཐོང་བྱུང་། མུའུ་ཁྲི་ལྷག་ཡོད་པའི་རྩྭ་སར་གསར་དུ་བཏབ་བའི་རྩྭ་མྱུག་དག་པུས་མོར་སླེབས་མེད་ལ། མཚོ་སྔོན་རྩྭ་སའི་སྔ་སྨིན་མྱུ་གུ་དག་གིས་ས་གཤིན་བརྟོལ་ནས་ཉི་འོད་བསྡུ་ལེན་བྱེད་ཀྱིན་འདུག ཁོས་བཤད་རྒྱུར། འདི་གའི་བཅོས་སྐྱོང་འབྲས་བུ་མི་བཟང་རྒྱུ་མེད་ཀི ཉིན་འགའ་འགོར་རྗེས་ང་ཡོང་ནས་ཅིག་བལྟ་ཞེས་ཟེར།

རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་ཆེས་ཆེ་བ་ཡིན་པའི་ཆ་ནས། མཛེས་པའི་ཧི་ནན་རྩྭ་ཐང་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་རྟ་གྲགས་ཅན་གསུམ་གྱི་ཡ་གྱལ་རྨ་ཁུག་རྟ་དང་། མཚོ་སྔོན་ཞིང་ཆེན་གྱི་སྤུས་ལེགས་ཕྱུགས་རིགས་དངུལ་རའི་ལུག་དང་དེ་མིན་ཤོ་དོ་ནོར་གནག་བཅས་གསོ་སྤེལ་བྱས། རང་བྱུང་སྐྱེ་ལྡན་རྩྭ་ར་མུའུ་ས་ཡ་དགུ་དང་འབུམ་གསུམ་ཁྲི་གཉིས་ནི་ཧི་ནན་རྫོང་གི་ཁྱིམ་ནོར་གལ་ཆེན་དེ་ཡིན། འོན་ཀྱང་རྩྭ་ཐང་གི་བྱི་བའི་གནོད་འཚེ་ནི་མཁའ་འགྲོ་ཚེ་རིང་གི་སེམས་ཁུར་བྱེད་ས་གཙོ་བོར་གྱུར་ཡོད།

1998ལོར་ཆེས་ཐོག་མར་བྱ་བར་ཞུགས་སྐབས། རྩྭ་སའི་གནས་བབ་མི་བཟང་རྒྱུ་མེད། འོན་ཀྱང2008ལོའི་ཡས་མས་སུ། བྱི་བའི་གནོད་འཚེ་ཚབས་ཆེན་དུ་གྱུར། རྩྭ་ས་ཞན་འགྱུར་གྱི་གནས་བབ་མཐོང་དུས། མཁའ་འགྲོ་ཚེ་རིང་གི་སེམས་ཚེགས་བྱེད་ཀྱིན་ཡོད་དེ། ལྷག་པར་དུ་རྩྭ་ཐང་གི་བྱི་བས་རྩྭ་སར་གཏོར་བརླག་ཚབས་ཆེན་གཏོང་བཞིན་ཡོད་ཟེར།

ནམ་རྒྱུན་རྩྭ་ཐང་དུ་བསྡད་ཡོད་པས། མཁའ་འགྲོ་ཚེ་རིང་གིས་རྩྭ་ཐང་གི་ལས་ཀ་ནི་འདྲ་བཟོ་ལྟ་བུའི་སླ་མོ་ཞིག་མིན་ལ། མི་མང་པོ་ཞིག་གིས་ང་ཚོས་ལག་རྩལ་གཅིག་པུ་ཁྱབ་གདལ་བཏང་ཆོག་པར་འདོད་རུང་། རྩྭ་དང་རྩྭ་ནི་མི་འདྲ་སྟེ། རྩྭ་ཐང་གི་སྐྱེ་ཁམས་མ་ལག་ཧ་ཅང་རྙོག་འཛིང་ཆེ་བས། ངེས་པར་དུ་ཡུལ་བབ་དང་བསྟུན་དགོས་པ་གསལ་བོར་རྟོགས་ཡོད།

2016ལོ་ནས་བཟུང་། མཁའ་འགྲོ་ཚེ་རིང་གིས་རང་འགུལ་གྱིས་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་དང་མཉམ་ལས་བྱས་ཏེ་ཐོན་ཁུངས་ཞིབ་བཤེར་བྱས། སྔོན་ལ་རྩྭ་སའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ཚེ། ད་གཟོད་གནད་འཁེལ་ཇུས་འདོན་བྱེད་ཆོག སྐྱེ་ཁམས་སླར་གསོ་ཞིབ་འཇུག་གི་བརྒྱུད་རིམ་ཁྲོད། ཁོས་སླར་གསོ་དང་དོ་དམ་བར་གྱི་དོ་སྙོམས་གནས་ལེགས་ཤོས་དེ་འཚོལ་བཞིན་ཡོད།

སྐྱེ་ཁམས་བཅོས་སྐྱོང་ནི་དུས་ཡུན་རིང་པོར་བསྒྲུབ་དགོས་པའི་བྱ་བ་ཞིག་རེད། མཁའ་འགྲོ་ཚེ་རིང་གིས་དཀའ་ཚེགས་ལ་མི་འཛེམ་པར་རྟག་པར་རྩྭ་སྐྱེ་བ་བཟང་མིན་ལ་སེམས་ཁུར་བྱེད་ཀྱིན་ཡོད་དེ། དོན་དམ་པས་བཤད་ན། ཁོས་འབྲོག་པ་ཚོས་ལྟ་སྲུང་ལ་ཇི་ལྟར་གཞོགས་འདེགས་བྱེད་དུ་འཇུག་པར་སེམས་ཚེགས་བྱེད་ཀྱིན་ཡོད།

མཁའ་འགྲོ་ཚེ་རིང་གིས་འབྲོག་པ་རྣམས་ཀྱི་དཀའ་ཁག་རྟོགས་ཀྱིན་ཡོད་དེ། ས་ནག་ཐང་བཅོས་སྐྱོང་བྱེད་ན། ལོ་དེར་ངེས་པར་དུ་ཕྱུགས་འཚོ་མཚམས་འཇོག་དགོས་ལ། དེའི་རྗེས་སུ་དུས་རིམ་རང་བཞིན་གྱིས་ཕྱུགས་འཚོ་མཚམས་འཇོག་དགོས། རྩྭ་ལེགས་པོར་སྐྱེ་ཡོད་པ་མཐོང་ཚེ། ཡུལ་མི་འགའ་རེས་ཕྱུགས་འཚོ་བའི་བསམ་ཚུལ་འགོག་མེད་དུ་སྐྱེས་སྲིད། རྩྭ་ས་སླར་གསོ་བྱེད་དགོས་ན། གཅིག་ནས་འདེབས་འཛུགས་བྱེད་དགོས་པ་དང་། གཙོ་བོ་དོ་དམ་ལ་རག་ལས་ཡོད། གལ་ཏེ་ལྟ་སྲུང་ལེགས་པོ་མ་བྱས་ཚེ། རྩྭ་བཏབ་པ་ཇི་འདྲ་བཟང་རུང་དོན་མེད་དུ་འགྱུར་སྲིད།

ཆུང་དུས་ནས་རྩྭ་ཐང་དུ་ལག་ཆགས་པས། མཁའ་འགྲོ་ཚེ་རིང་གིས་རྩྭ་ས་ནི་འབྲོག་པའི་ཚེ་སྲོག་ལྟ་བུ་ཡིན་པ་གསལ་བོར་རྟོགས་ཡོད། ཁོས་རྩྭ་ཐང་ལ་དབྱེ་མཚམས་ཡོད་མོད། སྐྱེ་ཁམས་སྲུང་སྐྱོབ་ལ་དབྱེ་མཚམས་མེད། རྩྭ་ཐང་ལ་སྲུང་སྐྱོབ་བྱེད་དགོས་ན། གཙོ་བོར་འབྲོག་པ་ཚོར་བརྟེན་དགོས་ཟེར།

མཁའ་འགྲོ་ཚེ་རིང་གིས་འགན་ལེན་ཞིང་སའི་རྣམ་པ་འཚོལ་ཞིབ་བྱས་ཏེ། འབྲོག་པ་རྣམ་ས་བསླབ་གཞི་ཞིབ་འཇུག་དང་རྩྭ་ས་བཅོས་སྐྱོང་ཁྲོད་ཞུགས་སུ་བཅུག མཁའ་འགྲོ་ཚེ་རིང་གིས་བཤད་རྒྱུར། འབྲོག་པ་རྣམས་ང་ཚོའི་ལས་གཞིའི་ཁྲོད་ཞུགས་ཚད་བརྒྱ་ཆའི་བརྒྱད་ཅུ་སླེབས་ཡོད་ལ། འབྲོག་པ་རྣམས་བཅོས་སྐྱོང་ལས་གཞིའི་ཁྲོད་ཟབ་ཞུགས་མི་བྱེད་རུང་། སྒེར་གྱི་རྩྭ་ས་བཅོས་སྐྱོང་བྱེད་སྐབས་ངེས་པར་དུ་ཡུལ་དངོས་སུ་ལྟ་རྟོག་བྱེད་དགོས་ཟེར། ན་ནིང་། མཁའ་འགྲོ་ཚེ་རིང་གིས་འབྲོག་པ་རྣམས་རིག་གཞུང་བརྗེ་རེས་ཚོགས་འདུར་ཞུགས་པར་གདན་ཞུ་བྱས་པ་དང་། ཆེད་མཁས་པ་དང་འབྲོག་པ་ཚོར་བརྗེ་རེས་བྱེད་དུ་བཅུག་ལ། དེ་ལྟས་བྱས་ཚེ། ཆེད་མཁས་པའི་ཞིབ་འཇུག་ཁ་ཕྱོགས་དེ་འབྲོག་པ་རྣམས་ཀྱི་དཀའ་ཁག་ལ་ལ་དམིགས་ནས་འདང་རྒྱག་སྲིད་པ་ལས། དོན་ཐོག་ཏུ་འཁྱོལ་མི་ཐུབ་པའི་ཞིབ་འཇུག་རྐྱང་རྐྱང་ཞིག་ཡིན་མི་སྲིད།

མཁའ་འགྲོ་ཚེ་རིང་གིས་འབྲོག་པ་རྣམས་ཀྱིས་ཕྱུགས་འཚོ་བར་བློ་གྲོས་མང་པོ་ལྡན་ལ། སྐྱེ་ཁམས་སྲུང་སྐྱོབ་དེ་ཁོ་ཚོ་དང་ཁ་འབྲལ་ཐབས་མེད་ཅེས་པའི་འདུ་ཤེས་བཅངས་ནས་ཉེ་འཁོར་གྱི་འབྲོག་པ་ཚོ་དང་གྲོགས་པོར་གྱུར། ལས་གཞི་མཇུག་སྒྲིལ་རུང་། ཁོ་སྔར་བཞིན་འབྲོག་ཁྱིམ་རེ་རེ་སོང་སྟེ་རྩྭ་སྐྱེ་བའི་གནས་ཚུལ་དང་ཕྱུགས་འཚོ་བའི་གནས་བབ་ལ་རྒྱུས་ལོན་བྱས།

2023ལོར། མཁའ་འགྲོ་ཚེ་རིང་མཚོ་སྔོན་ཞིང་ཆེན་གྱི་ཁུ་ནུའི་འཇོན་མི་རྩེ་རིམ་གསར་གཏོད་ལས་གཏོད་འཇོན་མིའི་ལས་གཞི་དར་སྤེལ་གྱི་སྣེ་ཁྲིད་འཇོན་མིའི་གྲས་སུ་བདམས་པ་དང་། ཆེས་བཟང་བའི་ནགས་རྩྭའི་ཚན་རྩལ་ཁྱབ་གདལ་མཁན་ལ་བདམས་ཤིང་། 2025ལོར། རྒྱལ་ཡོངས་ལྗང་སྒྱུར་བྱ་དགའ་ཐོབ། གཟི་བརྗིད་མཚན་སྙན་རེ་རེའི་རྒྱབ་ལོགས་སུ་ཡོད་པ་ནི་ལོ་རེ་ནས་ལོ་རེར་ཡར་རྒྱུག་མར་རྒྱུག་བྱས་ནས་དཀའ་ལས་མྱངས་ཏེ། རིམ་བཞིན་ལྗང་མདོག་ཏུ་འགྱུར་བཞིན་པའི་རྩྭ་ས་དེ་ཡིན་ལ། འབྲོག་པ་རྣམས་ཁོ་དང་འཕྲད་སྐབས་བཤད་པའི་ཆེས་སྤྱིར་བཏང་གི་བཀའ་དྲིན་ཆེ་ཞེས་པའི་སྐད་ཆ་དེ་ཡིན།

ལྷ་མོ་འཚོས་བསྒྱུར།