བརྩེ་བའི་འོད་སྣང་གིས་སློབ་བུར་དྲོད་ཁོལ་སྦྱིན།

ཁུངས། ཀློག་གྲངས།

  སློབ་བུ་བྱམས་ཀྱིས་བསྐྱངས་ནས་སློབ་གསོའི་ལས་ལ་གཞོལ་མཁན་གྱི་དགེ་རྒན་ཆོས་བཟང་སྒྲོལ་མའི་

                                                               གནས་ཚུལ་ཆེད་བཀོད།  


 རྨ་ལྷོ་ཁུལ་དམིགས་བསལ་སློབ་གསོ་སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སློབ་གཙོ་ཆོས་བཟང་སྒྲོལ་མས་དམིགས་བསལ་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་སྣེ་ཁྲིད་དེ། མཐོ་སྒང་གི་དམིགས་བསལ་སློབ་གསོའི་ཡུལ་དངོས་དང་པོར་རྐང་བཙུགས་ནས་བྱིས་པ་རྣམས་ཀྱི་འཚར་ལོངས་ཐད་རེ་བའི་དྲོད་ཁོལ་སྩོལ་བཞིན་ཡོད། 

གསར་འགོད་པ་རྨ་ལྷོ་ཁུལ་དམིགས་བསལ་སློབ་གསོའི་སློབ་གྲྭར་འབྱོར་བ་ན། སློབ་རའི་ག་ས་གང་དུ་དྲོད་ཁོལ་ལྡན་པའི་རྣམ་པ་ལེགས་པོ་མངོན་ཡོད། གནས་འདིར་དམིགས་བསལ་གྱི་སློབ་མ་སྐོར་ཞིག་དང་ལས་གནས་སྟེང་འབད་འབུངས་བྱེད་བཞིན་པའི་དམིགས་བསལ་སློབ་གསོའི་ལས་སྒྲུབ་པ་སྐོར་ཞིག་ཡོད་ཅིང་།  སློབ་གཙོ་ཆོས་བཟང་སྒྲོལ་མས་དགེ་བཟོ་པ་ཡོངས་ཀྱི་སྣེ་ཁྲིད་དེ་མཐོ་སྒང་གི་དམིགས་བསལ་སློབ་གསོའི་ལས་གནས་སུ་བརྩེ་བ་དང་ལྷག་བསམ།  འགན་འཁྲི་དང་བརྩོན་སེམས་ལ་བརྟེན་ནས་དམིགས་བསལ་གྱི་སློབ་བུ་རེ་རེར་རེ་བའི་འོད་སྣང་སྩོལ་བཞིན་ཡོད། 

ཀུན་སྤྱོད་ལ་བརྟེན་ནས་མི་གཞི་སྐྱོང་བ་ནི་སློབ་གསོའི་གཞི་རྩའི་འགན་འཁྲི་ཡིན་ཞིང་།  དམིགས་བསལ་སློབ་གསོ་ཡང་དེ་དང་འདྲ་བར་ཀུན་སྤྱོད་གཙིགས་སུ་འཛིན་དགོས།  སློབ་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབང་སྐྱོན་བྱ་གཞག་ཐད་བཏོན་པའི་མཆན་བཀོད་འཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ།  བསམ་བློ་ཆབ་སྲིད་སློབ་གསོ་ནི་སློབ་རའི་ཕྱོགས་སོ་སོར་ཁྱབ་པར་བྱས་ནས་བསམ་བློ་ཆབ་སྲིད་སློབ་ཁྲིད་མ་ལག་འཐུས་ཚང་བཙུགས་པ་དང་།  སློབ་མ་རྣམས་ལ་རང་བཀུར་རང་རྟོན།  རང་སྟོབས་རང་སྤེལ་གྱི་བདེ་ཐང་གི་མི་གཤིས་ཤིག་ཆགས་པར་སྣེ་ཁྲིད་བྱས་པས།  ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་རྨ་ལྷོ་ཁུལ་ཏང་འཛུགས་དཔེ་སྟོན་སློབ་གྲྭ།   སློབ་གླིང་རིག་གནས་འཛུགས་སྐྲུན་དཔེ་སྟོན་སློབ་གྲྭ་བཅས་ཀྱི་མཚན་སྙན་ཐོབ་ཡོད།  

སློབ་མ་ཞིག་གིས་ལག་བརྡ་ལ་བརྟེན་ནས་དགེ་རྒན་དག་ལ་བཀའ་དྲིན་ཞུས་ཤིང་།  སློབ་རའི་ནང་དུ་བྱིས་པ་དག་གི་འགྱུར་ལྡོག་ཕྲན་ཙམ་གྱིས་ཀྱང་དགེ་རྒན་དག་གི་ཉིན་ཐོག་ཟླ་བརྩེགས་ཀྱི་དཀའ་བའི་འབྲས་བུ་མཚོན་པ་དང་།  དམིགས་བསལ་བྱིས་པ་དག་གི་སློབ་ཞུགས་འགན་སྲུང་དང་སློབ་མཐར་ཕྱིན་རྗེས་ཀྱི་ལམ་ཁ་ནི་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་ལས་རིགས་ཁག་གིས་དོ་སྣང་བྱེད་ཀྱིན་པའི་གནད་དོན་ཞིག་ཡིན་པས།  སློབ་གྲྭས་གནད་ལ་འཁེལ་བའི་སྒོ་ནས་སློབ་མ་བསྡུ་བ་དང་གཞི་རིམ་དུ་ཟབ་ཞུགས་བྱས་ནས་སློབ་ལོ་རན་པའི་དམིགས་བསལ་བྱིས་པ་རྩད་བཅད་དེ་བྱིས་པ་གཅིག་ཀྱང་སློབ་བྱོལ་བྱེད་དུ་མི་འཇུག་པར་འབད་པ་བྱེད་བཞིན་པའི་དུས་མཚུངས་སུ།  སློབ་མའི་འཚར་ལོངས་ཀྱི་རྗེས་འདེད་ལམ་ལུགས་བཙུགས་ནས་མཐར་ཕྱིན་སློབ་མར་རྗེས་འདེད་ཞབས་ཞུ་སྒྲུབ་པ་དང་། གནད་ལ་འཁེལ་བའི་སྒོ་ནས་བྱིས་པ་སློབ་མཐར་ཕྱིན་རྗེས་ཀྱི་སློབ་ཞུགས་དང་ལས་ཞུགས་ཁ་ཕྱོགས་ལ་འབྲེལ་མཐུད་བྱས་ཏེ་སློབ་གྲྭར་ཞུགས་པ་ནས་སློབ་མཐར་ཕྱིན་པའི་བར་དང་།  སློབ་གྲྭ་ནས་སྤྱི་ཚོགས་སུ་སྐྱོད་པའི་བར་གྱི་མི་སྐྱོང་གི་སྦྲེལ་ཐག་ཆ་ཚང་ཞིག་གྲུབ་པར་བྱས་ནས།  དམིགས་བསལ་བྱིས་པ་དག་གི་མི་ཚེ་ཧྲིལ་བོའི་འཕེལ་རྒྱས་ལ་མཐུན་རྐྱེན་བསྐྲུན་ཅི་ཐུབ་བྱེད་བཞིན་ཡོད།  

དགེ་རྒན་དུས་ཆེན་གྱི་ཉིན་མོར་ཡང་། དམིགས་བསལ་སློབ་གསོ་སློབ་གྲྭའི་དགེ་རྒན་ཡོངས་ཀྱིས་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད་ལ།  ཁོ་ཚོས་སློབ་མའི་སྐར་འབྲས་གཙིགས་སུ་མི་འཛིན་པར་ལྷག་བསམ་རྣམ་དག་གིས་སློབ་མའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་བྱས་ཏེ།  བརྩེ་བ་དང་ལྷག་བསམ་ལ་བརྟེན་ནས་མི་དམངས་ཡིད་ཚིམ་པའི་དམིགས་བསལ་སློབ་གསོ་སྒྲུབ་པ་དང་དམིགས་བསལ་སློབ་བུ་རེ་རེ་བྱམས་ཀྱིས་སྐྱོང་བཞིན་ཡོད།