

“མཚོ་སྔོན་ལ་མ་དངུལ་གཏོང་བ”ཞེས་པའི་གཙོ་གནད་ཐོན་ལས་འོས་སྦྱོར་ཚོགས་འདུའི་ཡུལ་དངོས།
ཟླ་དགུ་པའི་ཚེས་བདུན་ཉིན། ཀྲུང་གོ་རྒྱལ་སྤྱིའི་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་དྲུག་པ་བསྡུ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི“མཚོ་སྔོན་ལ་མ་དངུལ་གཏོང་བ”ཞེས་པའི་གཙོ་གནད་ཐོན་ལས་འོས་སྦྱོར་ཚོགས་འདུ་དེ་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་བསྡུས། ཧྥུའུ་ཅན་དང་མཚོ་སྔོན་ས་ཆ་གཉིས་ཀྱི་སྐུ་མགྲོན་དང་ཚོང་པ་རྣམས་གནས་གཅིག་ཏུ་འཛོམས་ནས་ཚོགས་འདུ་བརྒྱུད་དེ་ཚོང་ལམ་བསྐྲུན། ཚོང་ལས་ལ་བརྟེན་ནས་སྦྲེལ་ཟམ་འཛུགས། མཉམ་དུ་རི་ཆུ་བརྒལ་ཏེ་མཐོ་སྒང་གི་དམ་བཅའ་བསྒྲུབས།
རྒྱལ་ཁབ་རིམ་པའི་ཕྱོགས་གཉིས་དངུལ་གཏོང་མཉམ་ལས་ཀྱི་སྟེགས་བུ་ཞིག་ཡིན་པའི་ཆ་ནས། དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ལས"ཕྱོགས་གཉིས་ཀྱི་དངུལ་གཏོང་རྒྱ་བསྐྱེད་དང་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ལ་མཉམ་སྐུལ"ཞེས་པ་ཡུན་གཏན་གྱི་བརྗོད་གཞི་གཙོ་བོར་བཟུང་སྟེ། གོ་ལ་ཧྲིལ་པོའི་མ་རྩ་དང་སྤུས་ལེགས་ཁེ་ལས། ཐོན་ལས་ཐོན་ཁུངས་བཅས་གཅིག་ཏུ་བསྡུས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་ཟུང་སྦྲེལ་མཐུད་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ལོ་མང་པོའི་རིང་ལ་མཚོ་སྔོན་གྱིས་དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ནི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒེའུ་ཁུང་གཙོ་བོ་དང་ཚོང་འགུག་དངུལ་འདྲེན་གྱི་ལྟེ་བའི་འཛིན་བྱེད། ཧྥུའུ་ཅན་དང་མཚོ་སྔོན་མཉམ་ལས་ཀྱི་སྦྲེལ་ཐག་གལ་ཆེན་ཞིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས།
མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་ཏང་ཙུའུ་ཁོངས་མི་དང་ཐིང་ཀྲང་གཞོན་པ་ལི་ཞའོ་ཧུའེ་ཡིས་འདི་ལྟར་མཚམས་སྦྱོར་བྱེད་རྒྱུར། ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་སྟེང་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་མཐོ་ས་བསྐྲུན་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ། ལྗང་མདོག་རྩིས་གློག་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་བཅས་ཀྱི་འཐབ་ཇུས་ངེས་གནས་ལ་དམ་པོར་དམིགས་ཏེ། དག་གཙང་ནུས་ཁུངས་དང་ཚྭ་མཚོའི་ཐོན་ཁུངས། མཐོ་སྒང་གི་རིག་གནས་ཡུལ་སྐོར། ཁྱད་ལྡན་ཞིང་ཕྱུགས། ལྗང་མདོག་རྩིས་གློག་མཉམ་འདྲེས་སོགས་དགེ་མཚན་ཐོན་ལས་གཙོ་གནད་འོས་སྦྱོར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཐོན་ཁུངས་དགེ་མཚན་དང་ནུས་ཁུངས་དགེ་མཚན། ཐོན་ལས་དགེ་མཚན་བཅས་ཕྱོགས་ཡོངས་ནས་འོས་སྦྱོར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་དངུལ་གཏོང་ཁོར་ཡུག་དང་དངུལ་གཏོང་དགེ་མཚན། དངུལ་གཏོང་བག་ཤུགས་བཅས་གསལ་བོར་འགྲེམ་སྟོན་བྱས་ཡོད་ཟེར།
ཚོགས་རར་བསྐྱོད་དུས། སྟབས་བདེ་བརྗིད་ཆགས་ཀྱི་བཀོད་སྒྲིག་གིས་སྒོ་འབྱེད་དཀྱེལ་ཡངས་དང་དངོས་གཉེར་མཉམ་ལས་ཀྱི་རྣམ་པ་ཟབ་མོ་མཚོན་པར་བྱས་ཤིང་། སྐུ་མགྲོན་རྣམས་རེ་བས་ཁེངས་ཏེ་མིག་ཟུང་ལེ་དབར་སྟོང་ཕྲག་བརྒལ་བའི་མཐོ་སྒང་མཚོ་སྔོན་ལ་ཕྱོགས་ཡོད། ཧྥུའུ་ཅན་དང་མཚོ་སྔོན་ས་ཆ་གཉིས་བར་ལེ་དབར་སྟོང་གི་ཆོད་ཡོད་ཀྱང་རི་ཆུ་ཕན་ཚུན་འབྲེལ་ཞིང་མཉམ་ལས་རྨང་གཞི་བརྟན་པོ་ཡོད། ཧྥུའུ་ཅན་ལ་ཐོན་ལས་རྨང་གཞི་བརྟན་པོ་དང་ཉོ་ཚོང་མ་ལག་ཕུན་སུམ་ཚོགས་པ། ཚན་རྩལ་གསར་གཏོད་བྱེད་ནུས་ཁྱད་དུ་འཕགས་པ་ལྡན། མཚོ་སྔོན་ལ་དག་གཙང་ནུས་ཁུངས་དང་ཚྭ་མཚོའི་ཐོན་ཁུངས། ཁྱད་ལྡན་ཞིང་ཕྱུགས། མཐོ་སྒང་གི་རིག་གནས་ཡུལ་སྐོར་སོགས་ཐོན་ཁུངས་དཀོན་པོ་འཛོམས་པས། ས་ཆ་གཉིས་ཀྱིས་དགེ་མཚན་གསབ་རེས་བྱས་ན་མཉམ་ལས་ཀྱི་བར་སྟོང་ཡངས་པོ་ལྡན།
ཧྥུའུ་ཀྲོའུ་གྲོང་ཁྱེར་ཐའེ་ཝན་སྤུན་ཟླའི་དངུལ་གཏོང་ཁེ་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་ཅང་ཕེ་ཆི་ཡིས་བཤད་རྒྱུར། ཉེ་དུས་ཀྱི་ཐོན་ལས་རྟོག་ཞིབ་དང་སྦྲེལ་མཐུད་རྒྱུས་ལོན་དང་ཟུང་འབྲེལ་བྱས་ཏེ། ངས་མཚོ་སྔོན་གྱི་དངུལ་གཏོང་ཁོར་ཡུག་ལ་དགེ་མཚན་ཐུན་མོང་མ་ཡིན་པ་དང་བག་ཤུགས་ཆེན་པོ་ཡོད་པ། ལྷག་བསམ་རྣམ་དག་ཡིན་པ། མ་འོངས་པར་རེ་བ་ཆེན་པོ་བཅངས་ཆོག་པ་རེད་ཅེས་གདེང་འཇོག་བྱེད་ཀྱིན་ཡོད། མཚོ་སྔོན་གྱི་ཐོན་ཁུངས་དགེ་མཚན་ནི་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་དང་སྲིད་ཇུས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། མཚོ་སྔོན་གྱི་སྲིད་གཞུང་གིས་ཚོང་པ་སྣེ་ལེན་སོགས་ཞབས་ཞུ་སྒྲུབ་པར་འདུ་ཤེས་དྲག་པོ་ཡོད་ལ། སྦྲེལ་མཐུད་ལས་ཆོད་མཐོ་བ། ཞབས་ཞུ་དངོས་གཉེར་ཡིན། ང་ཚོས་མཐུན་ཚོགས་ཀྱི་ཕུལ་བྱུང་ཐའེ་ཝན་ཚོང་པའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། ཆེད་དོན་རྟོག་ཞིབ་ཚོགས་པ་བཙུགས་ནས་ལྗང་མདོག་ནུས་ཁུངས་ཉེར་སྤྱོད་དང་གྲངས་ཀའི་རྩིས་ནུས། རིག་གནས་ཡུལ་སྐོར་ཐད་ཀྱི་གསར་སྐྲུན། རིག་ལྡན་ཞིང་ལས་ཁྱབ་ཁོངས་ཆེན་པོ་བཞི་ལ་ཁྱབ་པའི་ཐའེ་ཝན་ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་། ཐའེ་ཝན་ན་གཞོན་ལས་གཏོད་མཁན་དང་ཚན་རྩལ་གསར་གཏོད་ཚོགས་པ་མཚོ་སྔོན་དུ་བསྐྱོད་དེ་ཡུལ་དངོས་རྟོག་ཞིབ་བྱ་རྒྱུ་ཡིན་ཟེར།
ཕྱི་དྲོའི་ཆུ་ཚོད་གསུམ་པར་བརྟན་བརླིང་ཤུགས་དྲག་ལྡན་པའི་སྒོ་ནས་ཚོགས་འགོ་བརྩམས་པ་དང་མཉམ་དུ་འོས་སྦྱོར་ཚོགས་འདུ་དངོས་སུ་སྤེལ་འགོ་ཚུགས། ཡུལ་དངོས་སུ་ཁེ་ལས་ཀྱི་འཐུས་མི་དང་ཚོང་པ་རྣམས་ཀྱིས་ནན་ཏན་ངང་ཉན་འབྲི་བྱེད་པ་དང་མིག་མདངས་ནས་མངོན་ཡོང་བ་ནི་མཚོ་སྔོན་དུ་མ་དངུལ་གཏོང་བའི་གོ་སྐབས་ལ་རེ་སྒུག་ཆེན་པོ་བྱེད་བཞིན་པ་དེ་རེད། འོས་སྦྱོར་བྱེད་སྒོ་དེས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་དགེ་མཚན་ལ་རྐང་ཚུགས་ནས། རྒྱལ་ཁབ་ཕྱི་ནང་གི་ཚོང་པར་ཐོན་ཁུངས་རྨང་གཞི་སྟོན་པ་དང་སྲིད་ཇུས་ཁེ་སྤོགས་འདོན་སྤེལ། ལྷག་བསམ་རྣམ་དག་གི་གདན་ཞུ་བཅས་ཀྱི་སྒོ་ནས། རྒྱ་ཆེའི་ཁེ་ལས་པ་མཚོ་སྔོན་དུ་ཕེབས་ནས་མཚོ་སྔོན་དུ་མ་དངུལ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ལས་བྱུང་བའི་དུས་རབས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་རྒྱུར་གདན་ཞུ་ཞུས།
རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་དངུལ་གཏོང་ཁེ་ལས་མཐུན་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། ཞ་མོན་ཏིི་རུང་ཡན་ཚན་རྩལ་མ་རྐང་ཀུང་སིའི་མ་རྐང་བདག་པོ་ཧན་ཡུན་ཧོན་གྱིས་བཤད་རྒྱུར། མཇུག་རྫོགས་མ་ཐག་པའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཚོང་ཚོགས་སྐབས27པའི་སྟེང་། ‘མཚོ་སྔོན་ལ་མ་དངུལ་གཏོང་བ་‘ཞེས་པའི་ཐའེ་ཝན་ཁེ་ལས་ཀྱི་གཙོ་གནད་ཐོན་ལས་འོས་སྦྱོར་ཚོགས་འདུའི་སྟེང་ཡུལ་དངོས་སུ་མཉམ་ལས་གན་རྒྱ5བཞག་པ་དང་བསྡོམས་པས་སྒོར་དུང་ཕྱུར་གཉིས་ཙམ་ཟིན་ཡོད། དེ་དག་ནི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་དེང་རབས་མཉམ་འབྲེལ་འཛད་སྤྱོད། ཕྱི་ཚོང་ཕྱོགས་བསྡུས་ཞབས་ཞུ། ཁྱད་ལྡན་གྱི་ཐོན་ལས་གླིང་ཁུལ། རྒྱལ་སྤྱིའི་བདེ་ཐང་ཟས་རིགས་ཞིབ་འཇུག་གསར་སྤེལ་ཁྱབ་ཁོངས་སོགས་ལ་ཁྱབ་ཡོད་ཟེར།
ཝེ་ལི་ཡ་ཁོར་ཡུག་སྡེ་ཚོགས་ཀྱི་མཐོ་རིམ་སྤྱི་འདོམས་པ་གཞོན་པའམ་ཀྲུང་གོ་ས་ཁུལ་གྱི་སྤྱིའི་འཐུས་ཚབ་ཧོང་ཞའོ་ཅོན་གྱིས་བཤད་རྒྱུར། ད་ལྟའི་མཚོ་སྔོན་གྱིས་སྔར་ལས་ལྷག་པའི་སྒོ་འབྱེད་རྣམ་པས་འཛམ་གླིང་ལ་བསུ་བ་བྱེད་བཞིན་ཡོད། ཝེ་ལི་ཡ་ཀྲུང་གོའི་ཁྲོམ་རར་ཡིད་ཆེས་བརྟན་པོ་ཡོད་པ་མ་ཟད་མཚོ་སྔོན་གྱི་འཕེལ་རྒྱས་མདུན་ལམ་ལའང་རེ་བ་ཆེན་པོ་བཅོལ་ཡོད། ང་ཚོས་མཚོ་སྔོན་གྱི་ཐུན་མིན་ཐོན་ཁུངས་དགེ་མཚན་དང་དྭངས་གསལ་གྱི་ལྗང་མདོག་འཕེལ་རྒྱས་འཐབ་ཇུས། རྒྱུན་མཐུད་ལེགས་བཅོས་བྱེད་བཞིན་པའི་ཚོང་གཉེར་ཁོར་ཡུག་སོགས་ཀྱིས་ཝེ་ལི་ཡ་ལྟ་བུའི་ལྗང་མདོག་འཕེལ་རྒྱས་ལ་གཞོལ་བའི་ཁེ་ལས་དེ་ལས་མང་པོ་འདི་རུ་རྩ་བ་ཚུགས་ཤིང་འཚར་ལོངས་ཡོང་ཐུབ་པ་གདོན་མི་ཟ་ཟེར།
འོས་སྦྱོར་ཚོགས་འདུའི་ཐོག་ཐའེ་ཝན་ཚོང་པའི་འཐུས་མི་དང་། ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཀྱི་འཐུས་མི། བཟོ་ལས་ཁེ་ལས་ཆེ་གྲས་བཅས་ཀྱི་འཐུས་མིས་མཚོ་སྔོན་ཁྲོམ་རར་ལྟ་ཞིབ་བྱས་ཚུལ་མཉམ་སྤྱོད་བྱས་པ་མ་ཟད། མཐོ་སྒང་ཁྲོམ་ར་གཏིང་ཟབ་ཏུ་གཏོང་བ་དང་མཚོ་སྔོན་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་ནང་ཞུགས་པ། ཐོན་ལས“གནས་བཞི” འཕེལ་རྒྱས་ལ་རོགས་རམ་བྱེད་པ་བཅས་ཀྱི་མཉམ་ལས་འདུན་པ་མཚོན་པར་བྱས་ཏེ། སྐྱེ་ཁམས་བཅོས་སྐྱོང་དང་གཏེར་ཁ་གསར་སྤེལ། མཐོ་སྒང་ཁྱད་ལྡན་ཐོན་ལས། རིག་གནས་ཡུལ་སྐོར་ཁམས་གསོ་སོགས་ཁྱབ་ཁོངས་སུ་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད།
ལི་ཞའོ་ཧུའེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། “ང་ཚོས་ལས་གཞི་གཙོ་བོར་གཅིག་སྡུད་ཀྱིས་མིང་རྟགས་འགོད་པའི་མཛད་སྒོ་བཀོད་སྒྲིག་བྱས་ཡོད་ལ། ཆེད་དོན་གྲོས་མོལ་དང་སྦྲེལ་མཐུད་ཀྱི་ས་ཁུལ་བཙུགས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཚོང་པ་རྣམས་ལ་གནད་འཁེལ་ངང་འབྲེལ་བ་བྱེད་པ་དང་མཉམ་ལས་དངོས་སྒྲུབ་བྱེད་པའི་སྟེགས་བུ་བསྐྲུན་ཡོད། ང་ཚོས་ཚོགས་ཞུགས་སྐུ་མགྲོན་ཚོ་དང་མཉམ་དུ་ཐོན་ལས་མུ་ཕྲེང་རིང་དུ་གཏོང་བ་དང་ཁ་གསབ་རྒྱག་པ། ཤུགས་སྣོན་རྒྱག་པ་བཅས་ལ་དམིགས་ནས། མཁོ་འདོན་དང་དགོས་མཁོ་གཉིས་གནད་འཁེལ་མཐུན་སྦྱོར་ལེགས་པོ་ཡོང་བར་སྐུལ་འདེད་བཏང་སྟེ། རིན་ཐང་ཆེ་བ་དང་ཤུགས་རྐྱེན་ཆེན་པོ་ལྡན་པའི་སྤུས་ལེགས་མཉམ་ལས་ལས་གཞི་ཁག་ཅིག་འགྲུབ་པར་འབད་བརྩོན་བྱ་རྒྱུ་ཡིན།”
ཐེངས་འདིའི་ལས་གཞི་གཅིག་སྡུད་ཀྱིས་ཆིངས་ཡིག་འགོད་པ་དེ་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་། དངོས་ཟོག་སྐྱེལ་འདྲེན། ཞིང་ཕྱུགས་གསོ་སྤེལ། ཐོན་ལས་མུ་ཕྲེང་མཉམ་ལས། ནུས་ཁུངས་གསར་པ་འཛུགས་སྐྲུན། ཚན་རྩལ་གསར་གཏོད་བཅས་རིགས་ཆེན་པོ་དྲུག་གི་གཙོ་གནད་ལས་གཞི་འདུས་ཤིང་། ཆིངས་ཡིག་འཇོག་མཁན་འཐུས་མི་རིམ་པ་བཞིན་སྟེགས་བུའི་སྟེང་ཕེབས་ནས་ཡུལ་དངོས་སུ་ཐལ་མོ་རྡེབ་སྒྲ་རྒྱུན་ཆད་མེད་པར་གྲགས་པ་དང་། མཉམ་ལས་གྲོས་མཐུན་རེ་རེ་བཞག་པ་དེས་ཧྥུའུ་ཅན་དང་མཚོ་སྔོན་དང་། དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཁག་གིས་མཚོ་སྔོན་དང་ལག་གདང་སྦྲེལ་བའི་འགོ་ཚུགས་ས་གསར་བ་མཚོན་ཡོད།
ཀྲུང་གོ་སྦྲག་སྲིད་སྡེ་ཚོགས་ཚད་ཡོད་ཀུང་སིའི་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སིའི་ཚོང་ར་པུའུ་ཡི་སྤྱི་གཉེར་བ་ཝང་ཡུང་ལིང་གིས་ངོ་སྤྲོད་བྱེད་རྒྱུར། ས་གནས་གཉིས་ཀྱི་སྦྲག་སྲིད་བར་མཐོ་སྒང་དང་འགྲམ་རྒྱུད་ཐད་ཀར་ཕན་ཚུན་རོགས་རེས་ལམ་སྲོལ་བཙུགས་པ་བརྒྱུད། མཛོད་ཁང་བགོ་འགྲེམ་ཐོན་ཁུངས་མཉམ་སྤྱོད་བྱས་ཏེ་མཉམ་འབྲེལ་གྱིས་ཁུངས་འདེད་ཐད་གཏོང་། གློག་རྡུལ་ཚོང་དོན་འོས་སྦྱོར་དང་ཐོན་སྐྱེད་དང་ཕྱིར་འཚོང་འབྲེལ་མཐུད་བྱས་ནས། མཚོ་སྔོན་གྱི་ནོར་ཤ་དང་ལུག་ཤ་དང་འཕང་འབྲས། ནས་སོགས་ཞིང་ལས་ཐོན་རྫས་སྤུས་ལེགས་རྣམས་ཧྥུའུ་ཅན་ཁྲོམ་ར་དང་ཕྱི་རྒྱལ་ཁྲོམ་རར་འདྲེན་ཐུབ་པ་བྱུང་ཡོད། མཚོ་སྔོན་གྱི་ངོས་ནས་བཤད་ན། འདི་ནི་ཧྥུའུ་ཅན་གྱི་རྒྱ་མཚོ་བེད་སྤྱད་དེ་མཚོ་སྔོན་གྱི་སྐམ་སའི་ལམ་ཁ་ཕྱེས་པ་ཞིག་ཡིན་པས། མཐོ་སྒང་གི་ལེགས་རྫས་རྣམས་ཧྥུའུ་ཅན་གྱི་སྟོབས་ཤུགས་ལ་བརྟེན་ནས་ཚོང་ར་རྒྱ་ཆེ་སར་བསྐྱོད་ཐུབ་ཀྱིན་ཡོད། གཙོ་བོ་མཐོ་སྒང་གི་ཞིང་ལས་ཐོན་རྫས་མཁོ་སྤྲོད་མུ་ཕྲེང་དང་རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་བསྡུ་སྒྲིག་དངོས་ཟོག རིག་གནས་ཡུལ་སྐོར་བརྗོད་དོན་སྦྲག་སྲིད་གཉེར་སྐྱོང་སོགས་ས་ཁོངས་བརྒལ་བའི་ལས་གཞི་དོན་འཁྱོལ་ཡོང་བར་བྱས་ཏེ། དོན་དངོས་ཐོག་ནས་ཧྥུའུ་ཅན་དང་མཚོ་སྔོན་སྦྲག་སྲིད་མཉམ་ལས་དེ་ཤར་ནུབ་རྒྱུད་རོགས་ལས་ཀྱི་དཔེ་མཚོན་ལྟ་བུར་བསྒྱུར་ནས། སྦྲག་སྲིད་དྲ་བས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་འཁོར་སྐྱོད་གཉིས་ཀྱི་རྣམ་པར་རམ་འདེགས་བྱས།
ཀྲུང་གོ་སྦྲག་སྲིད་སྡེ་ཚོགས་ཚད་ཡོད་ཀུང་སི་ཧྥུའུ་ཅན་ཞིང་ཆེན་ཡན་ལག་ཀུང་སིའི་སྐུར་སྐྱེལ་ལས་དོན་པུའུ་རྒྱལ་སྤྱིའི་པུའུ་ཡི་སྤྱི་གཉེར་བ་ཝང་ཁྲུན་གྱིས་བཤད་རྒྱུར། "མཚོ་སྔོན་གྱི་ནོར་ཤ་ལུག་ཤ་དང་། འཕང་འབྲས། ནས་སོགས་ཞིང་ཕྱུགས་ཐོན་རྫས་ནི་ལྗང་མདོག་སྐྱེ་ལྡན་ཡིན་པས་སྤུས་ཚད་ཀྱི་དགེ་མཚན་ཧ་ཅང་མངོན་གསལ་དོད་པོ་ཡོད། རྒྱལ་ནང་གི་ཤར་ལྷོ་འགྲམ་རྒྱུད་ས་ཁུལ་གྱི་འཛད་སྤྱོད་ཁྲོམ་ར་ཡིན་ན་འདྲ།ཡང་ན་ཕྱི་རྒྱལ་ཁྲོམ་ར་གང་ཡིན་རུང་། དགོས་མཁོ་ཆེན་པོ་ཡོད་པ་རེད། སྔོན་ཆད་ཀྱི་ཚོད་འཛིན་ཆེན་པོ་ཞིག་ནི་མཐོ་སྒང་ཐག་རིང་བ་དང་།འཁྱག་ཕྲེང་སྐྱེལ་འདྲེན་དཀའ་བ། རྒྱ་མཚོར་བསྐྱོད་པའི་བགྲོད་ལམ་ཤར་གཏོང་མེད་པ་བཅས་ཡིན། ད་ལྟ་སྦྲག་སྲིད་ཀྱི་ཞིང་ཆེན་བརྒལ་ནས་དངོས་ཟོག་སྐྱེལ་འདྲེན་དྲ་རྒྱ་ལ་བརྟེན་ཏེ། ཐོན་ཡུལ་ནས་ཚོང་ས་བར་དང་དབུས་ཁུལ་ནས་མཚོ་འགྲམ་གྲུ་ཁའི་བར་གྱི་མུ་ཕྲེང་ཆ་ཚང་བཏོད་པས་ཞན་ཆ་དེ་དག་གསབ་ཐུབ་པ་བྱུང་ཡོད།
འོས་སྦྱོར་ཚོགས་འདུ་ཐེངས་ཤིག་གིས་ཞ་མོན་དང་མཐོ་སྒང་གཉིས་ཕན་ཚུན་འབྲེལ་བ་དམ་ཟབ་ཏུ་བཏང་ཞིང་། དངུལ་གཏོང་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུར་བརྟེན་ནས་ཧྥུའུ་ཅན་དང་མཚོ་སྔོན་བར་གྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་། ཤར་ནུབ་ཕྱོགས་གཉིས་ཀྱི་མཉམ་འགུལ་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། ལས་གཞིར་གན་རྒྱ་འཇོག་པ་དང་། སྒོར་ཅོག་གྲོས་བསྡུར་བྱེད་པ། བསམ་བློ་བརྗེ་རེས་བྱེད་པ་སོགས་ཀྱིས་མཉམ་ལས་བྱེད་པའི་ས་བོན་མང་པོ་འདིར་བཏབ་ཡོད་པ་རེད།
ལི་ཞའོ་ཧུའེ་ཡིས་བཤད་རྒྱུར། དེང་སྐབས། མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་དགེ་མཚན་རྒྱུན་མཐུད་ངང་མངོན་བཞིན་ཡོད་ལ། དངུལ་གཏོང་གོ་སྐབས་ཆེན་པོ་ཞིག་ཀྱང་འདུས་ཡོད། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པ་རྣམས་མཚོ་སྔོན་དུ་ཕེབས་ནས་མ་དངུལ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ། ང་ཚོས་མུ་མཐུད་དུ་བདག་རྐྱེན་འགན་སྲུང་དང་ཞབས་ཞུ་འབྲེལ་མཐུད་བྱས་ཏེ། མིང་རྟགས་བཀོད་པའི་ལས་གཞི་དོན་འཁྱོལ་ཕན་འབྲས་ལོན་པར་སྐུལ་འདེད་བཏང་ནས། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་ཟེར།
འོས་སྦྱོར་ཚོགས་འདུ་མཇུག་སྒྲིལ་སྐབས། ཚོང་པ་མང་པོ་ཞིག་གྲོས་མོལ་ས་ཁུལ་དུ་བསྐྱོད་ནས་མུ་མཐུད་དུ་བསམ་བློ་བརྗེ་རེས་དང་གྲོས་བསྡུར་བྱེད་བཞིན་ཡོད། མ་འོངས་པར་རྒྱང་ལྟ་བྱས་ན། རི་ཆུ་བརྒལ་བའི་གླེང་མོལ་ད་དུང་མུ་མཐུད་དུ་སྤེལ་རྒྱུ་ཡིན་ཞིང་། སྤུས་ལེགས་ལས་གཞི་དེ་ལས་མང་པོ་མཐོ་སྒང་དུ་དོན་འཁྱོལ་བྱེད་པ་དང་། ཁྲོམ་རའི་བྱེད་པོ་སྔར་ལས་མང་པོ་མཚོ་སྔོན་དུ་གཞི་ཚུགས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་གཉིས་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་འཆར་འགོད་རིམ་བཞིན་ལག་བསྟར་བྱེད་ཀྱིན་ཡོད།
བླ་མ་རྡོ་རྗེ། སྙན་གྲགས་ཚེ་རིང་།
དགེ་ལེགས་རྣམ་རྒྱལ། ཨོ་རྒྱན་ཕུན་ཚོགས་བཅས་ཀྱིས་བསྒྱུར།
鹭岛金秋聚合力 山海携手启新程
——第26届投洽会“投资青海”重点产业推介会现场见闻
第1版:要闻2026年09月09日
金秋鹭岛、丹桂飘香。
9月7日,在第二十六届中国国际投资贸易洽谈会召开之际,由青海省人民政府主办的“投资青海”重点产业推介会在福建省厦门市举行。来自闽青两地的嘉宾和客商齐聚一堂,以会为媒、以商搭桥,共赴一场跨越山海的高原之约。
作为国家级双向投资合作平台,投洽会以“扩大双向投资、共促全球发展”为永久主题,汇聚全球资本、优质企业与产业资源,是链接国内国际双循环的重要载体。多年来,青海坚持把投洽会作为对外开放的重要窗口、招商引资的核心抓手和闽青协作的关键纽带。
“本次推介会紧紧围绕青海打造生态文明高地、建设产业‘四地’、推动绿色算电协同发展的战略定位,重点推介清洁能源、盐湖资源、高原文旅、特色农牧、绿色算电融合等优势产业,全方位推介我省资源优势、能源优势、产业优势,立体化展示我省投资环境、投资优势、投资潜力。”青海省商务厅党组成员、副厅长李晓晖介绍。
走进会场,简约大气的会场布置,处处彰显着开放包容、务实合作的浓厚氛围,各方嘉宾满怀期待,目光聚焦千里之外的高原青海。闽青两地虽相隔千里,但山海情深,协作根基扎实深厚。福建拥有雄厚的产业基础、成熟商贸体系与突出科创能力,青海坐拥清洁能源、盐湖资源、特色农牧、高原文旅等稀缺资源,两地优势互补,合作空间十分广阔。
“结合近期的产业调研和对接了解,我对青海的投资环境整体评价为优势独特、潜力巨大、诚意十足、未来可期。青海资源禀赋无可替代,政策营商环境持续优化,青海政府招商服务意识强,对接高效、服务务实。”福州市台胞投资企业协会会长蒋佩琪说:“我们将整合协会优质台商资源,组建专项考察团,涵盖绿色能源应用、数字算力、文创文旅、智慧农业四大领域的台企负责人、台湾青年创业者和科创团队,择机赴青海开展实地调研。”
下午三时,伴随着沉稳有力的开场,推介会正式开启。台下,企业代表、客商认真聆听记录,眼神里满是对青海投资机遇的期待。推介会立足青海独有的资源禀赋,面向海内外客商亮出资源家底、释放政策红利,发出诚挚邀约,邀请广大企业家走进青海、投资青海,共享绿色发展带来的时代机遇。
“就在前不久落幕的第27届青洽会上,‘投资青海’台企重点产业推介会现场签署5项合作协议,签约总金额近2亿元,覆盖绿色农畜精深加工、现代连锁消费、外贸综合服务、特色产业园区、国际健康食品研发等领域。”全国台企联常务副会长、厦门鼎熔岩科技股份有限公司董事长韩萤焕说。
“今天的青海,正在以更加开放的姿态拥抱世界。威立雅对中国市场始终充满信心,对青海的发展前景同样充满期待。我们相信,青海独特的资源禀赋、清晰的绿色发展战略和不断优化的营商环境,一定能够吸引更多像威立雅一样致力于绿色发展的企业在这里扎根成长。”威立雅环境集团高级副总裁、中国区总代表黄晓军说。
推介会上,台商代表、外资企业代表、大型实业企业代表分享对青海市场的观察,表达了深耕高原市场、参与青海生态文明高地建设、助力产业“四地”发展的合作意愿,期待在生态治理、矿产开发、高原特色产业、文旅康养等领域拓宽合作版图。
“我们安排了重点项目集中签约仪式,设有专项洽谈对接专区,为海内外客商搭建精准对接、务实合作的交流平台。我们将和与会嘉宾一道,聚焦产业链延链补链强链,推动供需精准匹配,力争促成一批含金量高、带动性强的优质合作项目。”李晓晖介绍。
本次项目集中签约环节涵盖文旅融合、物流运输、农畜养殖、产业链合作、新能源建设、科技创新六大类别重点项目。签约代表有序登台,现场掌声接连响起,一个个合作协议落地,见证闽青以及海内外企业与青海携手同行的崭新起点。
“两地邮政建立‘高原—沿海’直达协作机制,共享仓储分拨资源,联合开展溯源直播、电商推介和产销对接,把青海的牛羊肉、枸杞、青稞等优质农品接入福建及海外市场。对青海来说,这是用福建的‘海’连通青海的‘陆’,让高原好物借福建之力走向更广阔的市场。”中国邮政集团有限公司青海省分公司市场部(服务乡村振兴办)总经理王永良介绍,将重点推进高原农产品供应链、跨境电商集货、文旅主题邮局运营等跨区域项目落地,真正把闽青邮政合作打造成东西部协作的标杆,以邮政网络助力区域协调发展和双循环格局。
中国邮政集团有限公司福建省分公司寄递事业部国际部(物流部)总经理王诚说:“青海的牛羊肉、枸杞、青稞等农畜产品,绿色有机,品质优势非常突出,不管是国内东南消费市场,还是海外市场,都有很强的需求。过去最大的制约,就是高原距离远、冷链流通难、出海通道不畅。现在依托邮政跨省物流网络,打通产地到销地、内陆到沿海口岸的全链条,就把短板补上了。”
一场推介会,牵起鹭岛与高原的双向奔赴。以投洽会为纽带,闽青协作不断深化,东西双向联动持续提速。项目签约、圆桌洽谈、思想碰撞,一颗颗合作的种子在此播撒。
“当前,青海绿色发展优势持续凸显,蕴藏巨大投资机遇。热忱欢迎海内外企业家走进青海、投资青海,共享绿色发展红利。我们也将持续做好要素保障、对接服务,全力推动签约项目落地见效,以高水平开放助推青海高质量发展。” 李晓晖说。
推介会尾声,不少客商移步洽谈区继续交流探讨。展望未来,跨越山海的对话仍在继续,随着更多优质项目落地高原,更多市场主体扎根青海,一幅生态优先、互利共赢的发展画卷,正跨越山海徐徐铺展。