ལོ་ངོ་བདུན་ལ་གཞི་རིམ་བྱ་བར་ཞུགས། དམངས་ཀྱི་ཆེད་དུ་ཐོག་མའི་སེམས་འདུན་བསྲུངས།

ཁུངས། ཀློག་གྲངས།

སྟོན་གཞུང་འདིར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གི་ཡངས་ཤིང་རྒྱ་ཆེའི་བའི་གངས་ལྗོངས་རྩྭ་ཐང་དུ། སྟོན་རླུང་གྲང་མོ་ཞིག་ཁད་ཀྱིས་ལྡང་ནས་མཚོ་འཕགས་སྨི་བཞི་སྟོང་ལྷག་གི་ས་གཞི་ཆེན་མོར་གྲང་འདར་རྒྱག་ཏུ་བཅུག  ཁྱི་འབྲི་ཞོལ་མའི་འབྲོག་ཁྱིམ་རེ་རེ་བརྒྱུད་ནས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྒན་པ་བཀྲ་དོན་གླེང་ཚེ། ཚང་མས་སྨྲ་བ་ཉུང་ཞིང་ལྷག་བསམ་ལྡན་པས། ནམ་ཡིན་རུང་ང་ཚོའི་ཆེད་དུ་བྱ་བ་བསྒྲུབ་བཞིན་ཡོད་ཅེས་གཅིག་གྱུར་གྱིས་གདེང་འཇོག་བྱས་བྱུང་ལ། 2017ལོ་ནས2024ལོའི་བར་བྱ་བ་བསྒྲུབས་པའི་ལོ་ངོ་བདུན་གྱི་རིང་། བོད་རིགས་ཏང་ཡོན་རྒན་པ་ཁོང་གིས་འབྲོག་ཁུལ་གྱི་གཞི་རིམ་དུ་རྐང་བཙུགས་ནས། ཆེས་སྤྱིར་བཏང་གི་བརྟན་སྲུང་གིས་གཞི་རིམ་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་སེམས་འདུན་མངོན།

ལོ་ངོ་དེ་དག་གི་རིང་ལ། བཀྲ་དོན་གྱིས་ནམ་རྒྱུན་ང་ནི་རྩྭ་ཐང་ནས་སྐྱེ་ཞིང་འཚར་ལོངས་བྱུང་བ་ཡིན་པས། ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཕྲག་ཏུ་བླངས་ན་ས་གཞི་ཆེན་མོ་འདི་དང་ང་ལ་ཡིད་ཆེས་པའི་ཡུལ་མི་ཚོར་འོས་མེད་བྱེད་མི་རུང་།  ཏང་ཡོན་ནི་ཐོབ་ཐང་ཙམ་མ་ཡིན་པར་ཚེ་གང་བོའི་འགན་འཁྲི་ཡིན་ཞེས་སྤྱིར་བཏང་ཡིན་ལ་སྤྱིར་བཏང་མ་ཡིན་པའི་སྐད་ཆ་ཞིག་ངག་ནས་ཡང་དང་བསྐྱར་དུ་ཟློ་བཞིན་ཡོད།  ཁ་ཆར་བུ་ཡུག་ཅི་འདྲ་རྒོད་རུང་། ཁོ་རང་འབྲོག་སྡེའི་རྐང་ལམ་དང་རྩྭ་ཐང་བརྒྱུད་དེ་འབྲོག་ཁྱིམ་རེ་རེར་བཅར་འདྲིར་འགྲོ་རྒྱུའི་གོམ་མཚམས་བཞག་མ་མྱོང་།

ལོ་ངོ་དུ་མའི་སྔོན་གྱི་དགུན་ཁ་ཞིག་ལ་བཅར་འདྲིར་བསྐྱོད་སྐབས། ཁོ་དབུལ་ཐར་ཁྱིམ་ཚང་དཔལ་ཚེ་མགོན་གྱི་འབྲོག་ཁྱིམ་དུ་ཐོན་པ་ན། ཁང་པའི་སྒྲིག་བཀོད་ཞན་པ་དང་། ཁྱིམ་མི་བདུན་གྱི་ཡོང་སྒོ་ཉུང་བས་འཚོ་བ་ངན་ངོན་ཡིན་མོད། བུ་མོ་གཉིས་ཀྱིས་སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་ལ་འབད་པ་བྱས་ཏེ་མིག་ལམ་དུ་དཔེ་ཀློག་ལ་བཅངས་པའི་རེ་བས་ཁེངས་འདུག་པ་རྟོགས། 

རེ་བས་ཁེངས་པའི་བྱིས་པ་དང་གདོང་ལ་སྐྱོ་ཉམས་ཤར་བའི་འབྲོག་པ་དེ་མཐོང་བ་ན། བཀྲ་དོན་གྱི་སེམས་ལ་སྨྲ་མི་ཤེས་པའི་ཚོར་བ་འདྲ་མིན་སྐྱེ། ཁོ་བྱིས་པ་ཚོའི་མདུན་དུ་ཉེ་བར་བཅར་ནས་ཁ་ཏ་བྱས་པ་དང་། དེ་ནས་དཔལ་ཚེ་མགོན་ལ་གཟབ་ནན་གྱིས་བཤད་རྒྱུར། དཀའ་ཁག་ཅི་འདྲ་ཆེ་རུང་བྱིས་པ་སྡུག་ལ་གཏོད་མི་ཉན་པ་དང་། དཀའ་ལས་ཅི་འདྲ་ཆེ་རུང་སློབ་སྦྱོང་ལ་བར་ཆད་བྱེད་མི་རུང་།  ངས་ནུས་ཤུགས་ཡོད་རྒུས་སྲིད་ཇུས་ཀྱི་རོགས་སྐྱོར་རེ་ཞུ་བྱ་རྒྱུ་ཡིན་ལ། འཕྲོ་མའི་སློབ་རིམ་ཚང་མ་ངས་འགན་དུ་བླངས་ཆོག་ཅེས་བཤད།

ཁོའི་གཡས་གཡོན་གྱི་མིས་ཇི་ལྟར་ཁ་ཏ་བྱས་རུང་། བཀྲ་དོན་གྱིས་ཐོག་མཐའ་བར་གསུམ་དུ་རང་གི་བསམ་ཚུལ་ལ་འགྱུར་བ་མ་བཏང་བར།  འབྲོག་ཁུལ་གྱི་བྱིས་པ་རྒྱལ་ཁམས་འགྲིམ་རྒྱུ་ནི་སླ་མོ་ཞིག་མིན་ལ། དཔེ་ཀློག་ནི་ཁོ་ཚོའི་བགྲོད་ལམ་ལེགས་ཤོས་དེ་རེད། ངས་ཟ་མ་ཉུང་ཙམ་ཟ་བ་དང་འགྲོ་གྲོན་ཇེ་ཉུང་དུ་བཏང་ན། བྱིས་པ་གཅིག་གི་ཕུགས་འདུན་མངོན་དུ་འགྱུར་ཐུབ་པས། འདི་ནི་ངོ་མ་བྱ་བ་དགའ་ཟིག་རེད་ཟེར། 2021ལོ་ནས་བཟུང་། ཁོས་བསྟུད་མར་ལོ་གཉིས་ལ་ལོ་རེར་སྒོར་སྟོང་ལྔ་བྱིན་ནས་ཨ་ཅེ་འཆི་མེད་དཔལ་མོ་སློབ་མཐར་ཕྱིན་དུ་བཅུག་པ་དང་། ཡང་ནུ་མོ་མཁར་བྱམས་ལ་རོགས་བྱས་ཏེ་བློ་བདེའི་ངང་སློབ་སྦྱོང་བྱེད་དུ་བཅུག་ལ། བསྡོམས་པས་སྒོར་ཁྲི་གཉིས་བྱིན་ནས་གཅེན་གཅུང་གཉིས་ཀྱི་སློབ་གྲྭར་འགྲིམ་པའི་ཕུགས་འདུན་མངོན་དུ་འགྱུར་བར་རོགས་བྱས། སྒོར་མོ་འདི་ནི་ཁོས་ནམ་རྒྱུན་ཟ་མཁས་སྤྱོད་མཁས་ཀྱིས་ཁབ་གསོག་འབིག་གསོག་བྱས་པའི་གླ་ཕོགས་ཡིན་རུང་། གཞན་ལ་འུད་སྒྲོག་མི་བྱེད་པར་མ་ཟད། ད་རུང་རང་གིས་མང་པོ་ཞིག་བློས་བཏང་མེད་པར་འདོད།

བཀྲ་དོན་གྱི་སེམས་སུ། དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བ་ནི་གནས་སྐབས་ཙམ་གྱི་སྤྱོད་ཚུལ་ཙམ་མ་ཡིན་པར། ཉིན་ཐོག་ཉིན་བརྩེགས་ཀྱི་བརྟན་སྲུང་ཡིན་པར་སྙམ། བཀྲ་དོན་གྱིས་ང་ཉིན་གཅིག་ལ་ལས་བྱེད་པ་ཡིན་ཚེ། སེམས་ཤུགས་ཡོད་རྒུས་བྱ་བ་བསྒྲུབ་དགོས་ལ། ཡུལ་མི་ཚོས་དགུན་སྐྱེལ་དཀའ་བ་དང་ཁོ་ཚོའི་འཚོ་བར་དཀའ་ཁག་ཡོད་ན། ངས་མ་རིག་ཁུལ་བྱས་ནས་འདུག་མི་བཟོད་ཅེས་བཤད། 2020ལོ་ནས2023ལོའི་བར། བསྟུད་མར་ལོ་ངོ་བཞིའི་ལུགས་རྙིང་ལོ་གསར་གྱི་སྔོན་ལ། མཐོ་སྒང་དུ་གྲང་ངར་ཆེ་ལ་ས་གཞི་འཁྱགས་པས་བསྡམས་ཡོད་ཕྱིར། ཁོས་རང་གི་བསགས་དངུལ་གྱིས་ཕྱེ་དང་འབྲས། སྣུམ་སོགས་ཉོས་ནས་འབྲོག་ཁུལ་གྱི་རྐང་ལམ་བརྒྱུད་དེ་སྡེ་བ་ཡོངས་ཀྱི་དབུལ་ཐར་ཁྱིམ་ཚང་དང་ལྟ་ཞིབ་ཁྱིམ་ཚང་ཉེར་ལྔར་དཔྱིད་གསར་གྱི་དྲོད་ཁོལ་སྐྱེལ། ཉིན་རྒྱུན་འཚོ་བའི་ཁྲོད། དཀའ་ཁག་ཅན་གྱི་ཁྱིམ་ཚང་ལ་འཚམས་འདྲི་དང་ནད་ཕོག་པའི་མང་ཚོགས་ལ་སྐོར་རྒྱག་པའི་བྱ་བ་གང་ཞིག་ཡིན་རུང་དུས་ལྟར་སོང་ནས་རང་འགུལ་གྱིས་སྒྲུབ་བཞིན་ཡོད་ལ། ལོ་ངོ་བདུན་གྱི་རིང་ལ་མི་སྒེར་གྱིས་བསྡོམས་པས་སྒོར་ཁྲི་ལྔ་ལྷག་བཏང་ནས་མང་ཚོགས་ལ་རོགས་བྱས།

ཁོར་རྒྱུས་མངའ་ཡོད་པའི་མི་དག་གིས་བཀྲ་དོན་ཚང་གི་འཚོ་བ་དེ་འདྲའི་ཕྱུག་རྒྱུ་མེད་ལ་ནམ་རྒྱུན་གྱི་འཚོ་བའང་ཧ་ཅང་སྤྱོད་མཁས་གྱིས་རོལ་བཞིན་ཡོད་པ་གསལ་བོར་ཤེས།  ལ་ལས་ཁོ་ལ་དེ་འདྲའི་དཀའ་ལས་རྒྱག་མི་དགོས་པའི་ཁ་ཏ་བྱས་རུང་། ཁོས་སྔར་བཞིན་ང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་ཡིན་པས་འཚོ་བར་དཀའ་ཁག་ཅི་འདྲ་ཡོད་པ་ཤེས་ལ། ང་ལ་དཀའ་ལས་ཡོད་རུང་། ཡུལ་མི་ཚོས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་སོང་ན་ངའི་སེམས་བདེ་ལ་འབབ་ཐུབ་ཟེར། ལོ་ངོ་མང་པོར་ལྷག་བསམ་རྣམ་དག་གིས་བྱ་བ་བསྒྲུབས་པ་ཚང་མ་མང་ཚོགས་ཀྱི་ཡིད་ལ་བཟུང་ཡོད་དེ། ཀྲི་པུའུ་ཧྲུའུ་ཅིའི་ལས་འགན་སྔར་ནས་དགོངས་ཞུ་བྱས་ཀྱང་། སྔར་བཞིན་ཧྲུའུ་ཅི་རྒན་པ་ཁོང་གི་བརྩེ་སེམས་དང་ཁག་ཁུར་སེམས་སུ་སྒོམ་ནས་ཡོད།

ལོ་ངོ་མང་པོར་གཞི་རིམ་དུ་བྱ་བ་བསྒྲུབས་པས། བཀྲ་དོན་གྱིས་ཐོག་མཐའ་བར་གསུམ་དུ་མི་སྒེར་གྱི་སྟོབས་ཤུགས་ལ་ཚད་ཡོད་པ་དང་། གྲོང་གསེབ་ཡུན་རིང་འཕེལ་རྒྱས་ཐད་གསར་སྐྱེས་སྟོབས་ཤུགས་རྒྱུན་མ་ཆད་པར་སྣོན་དགོས་པ་གསལ་བོར་རྟོགས་ཡོད། ཁོས་རྟག་པར་ནམ་ཞིག་ང་རང་ལས་གནས་ནས་ཕྱིར་འབུད་སྲིད་ལ། སྡེ་བའི་ལས་དོན་ལ་མཚམས་འཇོག་རྒྱུ་མེད་པའི་ཕྱིར། འབྲོག་ཁུལ་དུ་ན་གཞོན་སྐྱེད་སྲིང་བྱ་རྒྱུ་ནི་ངས་ངེས་པར་དུ་ལེགས་པོར་བསྒྲུབ་དགོས་པའི་བྱ་བ་ཡིན་ཞེས་བཤད། ལས་གནས་སུ་ཡོད་པའི་ལོ་ངོ་བདུན་གྱི་རིང་། ཁོས་ཏང་ཡོན་གྱི་དཔུང་སྡེ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་དམིགས་ནས། འབྲོག་ཁུལ་གྱི་ཏང་ཡོན་རྒས་འགྱུར་ཅན་དང་རྗེས་གྲབས་སྟོབས་ཤུགས་ཞན་པའི་དཀའ་ཁག་ཧུར་ཐག་གིས་སེལ་བ་དང་། ཕྱིར་ཕ་ཡུལ་དུ་ལོག་པའི་ན་གཞོན་དང་ཕྱུག་འགྱུར་མཁན། ཕུལ་བྱུང་སྐྱེས་མ་བཅས་ལས་འཇོན་མི་བདམས་ནས། སྔ་རྗེས་སུ་ཏང་ཡོན་གསར་བ་བརྒྱད་དང་ཏང་ནང་ཞུགས་པའི་ཧུར་བརྩོན་ཅན་བཅུ་གཅིག་སྐྱེད་སྲིང་བྱས།

སྡེ་མི་བསོད་ནམས་སྒྲོལ་མ་སྤྱི་ལ་བློ་དཀར་བ་དང་། ཁོ་མོས་རང་འགུལ་གྱིས་སྡེ་མི་ཚོར་སྤྱི་སྐད་སློབ་ཏུ་བཅུག་པ་མཐོང་བ་ན། བཀྲ་དོན་གྱིས་ཁོ་མོ་སྐྱེད་སྲིང་བྱེད་དགོས་པའི་འཇོན་མི་ཞིག་ཏུ་འདོད།  ཁོ་མོས་རིག་གནས་ཆུ་ཚད་དམའ་བར་སེམས་ཁུར་བྱེད་སྐབས། ཁོས་ངང་རྒྱུད་རིང་པོས་མང་ཚོགས་ལ་ཞབས་འདེགས་ཞུ་འདོད་པ་དང་། བསམ་པ་རྣམ་དག་གིས་ཡུལ་མི་ཚོའི་བྱ་བ་སྒྲུབ་པ་ནི་ཐོག་མའི་སེམས་འདུན་གལ་ཆེན་ཞིག་རེད། ཏང་རྩ་འཛུགས་ཀྱིས་མི་སྒེར་གྱི་ཤེས་ཡོན་ལས་འགན་འཁྲིར་མཐོང་ཆེན་བྱེད་བཞིན་ཡོད་ཅེས་བཤད། ཁོང་གི་མཛུབ་སྟོན་འོག བསོད་ནམས་སྒྲོལ་མ་ཏང་ནང་དུ་ཞུགས་ནས། ཞང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྟ་ཐོག་དྲིལ་སྒྲོག་རུ་ཁག་གི་རྐང་འཛིན་པར་གྱུར། ཁོ་མོས་ནམ་རྒྱུན་རྟ་ལ་ཞོན་ནས་ཅུང་ཐག་རིང་སའི་རྩྭ་ཐང་བརྒྱུད་དེ། སྐད་གཉིས་ལམ་ནས་དམངས་ཕན་སྲིད་ཇུས་སྒྲོག་བཤད་བྱས་པ་དང་། ཏང་གི་སེམས་སྒྲ་དེ་རྩྭ་ཐང་གི་ལ་ལུང་ཀུན་ཏུ་ཁྱབ་པར་བྱས་ཤིང་།  འབྲོག་ཁུལ་དུ་རྐང་བཙུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་རྒྱུན་འཛིན་བྱས།

ལོ་ངོ་བདུན་ལ་སེམས་ཀྱི་འདུན་མ་བསྐྱངས། མི་ཚེ་གང་བོར་གཅེས་པའི་ཕ་ཡུལ་བསྲུངས།  ཁོ་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཤིག་མེད་རུང་། ཁོའི་བརྟན་སྲུང་གི་ལོ་རྒྱུས་ཀྱིས་ཡུལ་མི་མང་པོའི་བློ་སེམས་བཀུག   བཀྲ་དོན་གྱིས་ཆེས་སྤྱིར་བཏང་གི་སྤྱོད་ཚུལ་ལ་བརྟེན་ནས་གངས་ལྗོངས་འབྲོག་ཁུལ་དུ་དྲོད་ཁོལ་སྦྱིན་ཡོད་ལ། དངོས་གཉེར་ཁག་ཁུར་གྱིས་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་བཏང་ནས། ཏང་ཡོན་གྱི་ཐོག་མའི་སེམས་འདུན་དེ་ཡངས་པའི་རྩྭ་ཐང་གི་ཕྱོགས་གང་སར་ཡུན་གྱིས་འདྲེས་ཡོད། མཐོན་པོའི་རི་དང་དམའ་མོའི་གཞུང་དུ། བརྟན་སྲུང་གི་ལོ་ཟླའི་རི་མོ་གསལ་ལེར་མངོན་ཞིང་། ཆེས་རང་ག་བའི་འགན་སྒྲུབ་ཁག་ཁུར་གྱིས་འབྲོག་ཁུལ་གྱི་གྲོང་གསེབ་དར་སྤེལ་གྱི་མདུན་སྐྱོད་ལམ་བུ་གསལ་བར་བྱས།

ལྷ་མོ་འཚོས་བསྒྱུར། 

七年基层路 一腔为民情

第4版:省内要闻2026年10月15日

深秋的果洛藏族自治州甘德县,朔风漫过辽阔的雪域草场,四千多米的高海拔大地寒意袭人。在青珍乡休麻村错落的牧户间,提起卸任的老村支书扎东,牧民们的评价始终如一:“话少心热,实实在在为我们办事。”2017年到2024年,7年的履职时光,这位藏族老党员扎根牧区最基层,用平凡坚守书写着基层共产党员的赤诚初心。

扎根牧区多年,扎东最常挂在嘴边的一句话,朴实却坚定:“我生在草原、长在草原,当了支书就要对得起这片土地、对得起信任我的乡亲。党员不是头衔,是一辈子的责任。”常年入户走访,他踏遍村里每一条牧道、每一片草场,风雪无阻、寒暑不停。

多年前的一次冬日走访,他走进脱贫户霍才公的牧民小院,屋内陈设简陋,一家7口人收入微薄、生活拮据,可两个女儿始终静心伏案、勤学不辍,眼里满是对读书的渴望。

看着懂事的孩子和满脸愁苦的牧民,扎东心里五味杂陈。他蹲在孩子们身旁轻声叮嘱,转头对着霍才公郑重说道:“再苦不能苦孩子,再难不能断学业。政策能帮的我全力跑、全力办,剩下的所有学费,我个人来承担。”

面对旁人的不解与劝说,扎东始终有着自己的坚持:“牧区孩子走出大山不容易,读书是他们最好的出路。我少吃一口、少花一点,就能换孩子一个未来,这笔账怎么算都划算。”从2021年开始,他连续两年每年出资5000元资助姐姐青梅花毛完成大学学业,又接续帮扶妹妹卡雪安心求学,累计自费20000元助力姐妹俩圆梦校园。这笔钱,是他平日里省吃俭用、一点一滴攒下的工资,他从不对外宣扬,更从未觉得自己付出良多。

在扎东心中,为民服务从来不是一时善举,而是日复一日的坚守。他坦言:“我当一天干部,就尽心一天。乡亲们过冬难、生活苦,我看见了就不能装看不见。”2020年至2023年,连续4个春节前夕,高原寒风凛冽、冻土坚硬,他年年自掏腰包购置米面油物资,徒步奔走在牧区小道,为全村25户脱贫户、监测户送去新春温暖。平日里,困难家庭慰问、患病群众探望,他始终随叫随到、主动靠前,7年累计个人出资50000元帮扶群众。

熟悉他的人都知道,扎东自家生活并不宽裕,日子过得十分节俭。有人劝他不必如此倾尽全力,他总是淡然回应:“我是土生土长的牧民,知道过日子的难处。我苦一点没关系,只要乡亲们能安稳踏实过日子,我就心安。”多年倾心付出,群众都记在了心里,即便早已卸任,依旧感念这位老书记的温情与担当。

深耕基层多年,扎东始终清醒地认识到,个人的力量终究有限,乡村长远发展,需要源源不断的新鲜血液。他常说:“我总有退下来的一天,但村里的事业不能断,为牧区培养年轻人,是我必须做好的事。”任职7年间,他聚焦党员队伍提质增效,着力破解牧区党员老龄化、后备力量薄弱难题,重点从返乡青年、致富能手、优秀妇女中发掘人才,累计发展新党员8名,培养入党积极分子11名。

看到村民索南卓玛热心公益、主动带动牧民学习普通话,扎东认定这是可塑之才。面对对方文化水平不高的自我顾虑,他耐心开导:“愿意为群众服务、真心为乡亲做事,就是最难得的初心。党组织看重的不是学历,是担当。”在他的悉心培育下,索南卓玛顺利入党,成为乡妇联“巾帼马背宣传队”骨干。她常年骑马穿梭偏远草场,双语宣讲惠民政策,让党的声音传遍草原每一个角落,接续传承着扎根牧区、服务群众的奉献精神。

七年风雪践初心,一生赤诚守乡土。没有轰轰烈烈的功绩,只有润物无声的坚守。扎东以平凡善举温暖雪域牧区,以务实担当筑牢基层根基,把党员初心融进草原大地。高天厚土无言,岁月坚守有声,他如高原格桑花一般,默默扎根、悄然绽放,以微光之力,照亮牧区乡村振兴的前行之路。