
གཅིག ཡོལ་བ། མལ་ཁྲིའི་སྟེང་ལ་ཡོལ་བ་རྒྱག་པ་ནི་དུག་སྦྲང་གི་འཚེ་བ་འགོག་བྱེད་གལ་ཆེན་ཞིག་ཡིན་ལ། དེ་ནི་འགོག་རྒོལ་གྱི་ནུས་པ་ཞན་པའི་བྱིས་པ་ལ་ལྷག་པར་འཕྲོད་པ་ཡིན། ཡོལ་བ་ཉོ་བའི་སྐབས་སུ་ཡོལ་བའི་ཚགས་ཁུང་གི་མང་ཉུང་ལ་བལྟ་དགོས་ཏེ། ཚགས་ཁུང་ཇི་ལྟར་མང་ན་དུག་སྦྲང་འགོག་པའི་ནུས་པ་དེ་ལྟར་བཟང་།
གཉིས། དུག་སྦྲང་བདུག་སྤོས། དེ་ལ་དུད་ལྡན་དང་དུད་མེད་རིགས་གཉིས་ཡོད་ལ། གྲུབ་ཆ་གཙོ་བོ་ནི་འབུ་གསོད་ལུག་མིག་ཀྲི་བྱ་བ་ཞིག་ཡིན། རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་བདུག་སྤོས་ཡིན་ན་མིའི་ལུས་ཕུང་ལ་གནོད་པ་གང་ཡང་མེད་མོད། ཡིན་ནའང་བདུག་སྤོས་ཀྱི་དུ་བས(དུད་མེད་བདུག་སྤོས་ལའང་གནོད་པ་ཅུང་ཙམ་ཡོད)དབུགས་ལམ་ལ་གནོད་པ་སྲིད་པས། ཁང་པའི་ནང་རོལ་དུ་སྤྱད་ན་དེ་འདྲ་འཚམ་པོ་མིན། ཕྱི་རོལ་དང་ཉི་ཁྱམས་སོགས་སུ་སྤྱོད་རུང་།
གསུམ། གློག་ཚ་བདུག་སྤོས། གྲུབ་ཆ་གོང་དང་གཅིག་མཚུངས་ཡིན་དུས། གློག་སྤོས་དང་སྤྱིར་བཏང་གི་བདུག་སྤོས་གཉིས་ཀྱི་དུག་ནུས་གཅིག་མཚུངས་ཡིན། གློག་ཚ་བདུག་སྤོས་ཀྱི་དུ་བའི་ཁྲོད་དུག་རིལ་ཆེས་ཉུང་ལ་གནོད་པའང་ཆེས་ཆུང་བས། བྱིས་པ་ལོ་ཕྱེད་ཡན་ལ་བུད་པའི་ཁྱིམ་ཚང་གང་དུའང་སྤྱོད་རུང་།
བཞི། འབུ་གསོད་སྨན། རྒྱུན་མཐོང་གི་འབུ་གསོད་རླངས་སྨན་གྱི་གྲུབ་ཆ་གཙོ་བོ་ནི་ལུག་མིག་ཀྲི་ཡིན་པས། མང་པོ་སྤྱོད་མི་དགོས་པར་དུག་སྦྲང་གསོད་ཐུབ། དེ་ཡང་ཐད་ཀར་ཁྱིམ་གྱི་ཆུ་སྒམ་དང་ཅོག་ཙེའི་འོག སྤྱོད་ཁང་སོགས་སུ་གཏོར་བ་དང་། རླངས་སྨན་གཏོར་རྗེས་མྱུར་དུ་ཁ་འབྲལ་དགོས། སྐར་མ30ཡི་རྗེས་སུ་སྒོ་དང་སྒེའུ་ཁུང་ཕྱེ་སྟེ་རླུང་རྒྱུ་བར་བྱེད་དགོས། འབུ་གསོད་རླངས་སྨན་གྱི་ནུས་པ་ཐོན་མགྱོགས་ཤིང་དུག་གཤིས་ཅུང་ཆེ་བས། རླངས་སྨན་གཏོར་དུས་འགོག་སྲུང་ལེགས་པོ་བྱེད་དགོས། ལྷག་པར་བྱིས་པ་དང་རིང་དུ་གྱེས་དགོས།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།