ཁྲག་ཤེད་མཐོ་བ་ལས་བསྐྱེད་པའི་མིག་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།
ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 14

གཅིག འཚོ་བར་དོ་དམ་བྱེད་པ།

ཁྲག་ཤེད་མཐོ་བའི་མིག་ནད་ནི་རྟག་པར་ཁྲག་ཤེད་རྒྱུན་མཐུད་ངང་ཇེ་མཐོར་སོང་བ་ལས་བསྐྱེད་པ་ཡིན་ལ། དེར་གཙོ་བོ་མཐོང་བྱེད་དྲ་སྐྱིའི་ནད་འགྱུར་དང་སྡོད་རྩ་འགག་པ། མཐོང་བྱེད་དབང་རྩའི་ནད་འགྱུར་སོགས་ཡོད། དེ་བས་ཁྲག་ཤེད་མཐོ་བའི་ནད་པས་དུས་རྒྱུན་འཚོ་བའི་གོམས་གཤིས་སྙོམ་སྒྲིག་བྱེད་པར་མཉམ་འཇོག་བྱ་དགོས་ཏེ། གཉིད་ཆག་པ་དང་མིག་སྤྱོད་ཡུན་ཚད་ལས་བརྒལ་བ། ཐ་མག་འཐེན་པ་སོགས་ཀྱི་གོམས་གཤིས་ངན་པ་བསྒྱུར་བ་དང་ཆབས་ཅིག ཚྭ་དང་ཚིལ། ཀ་ར་བཅས་ཀྱི་འདུས་ཚད་མཐོ་བའི་བཟའ་བཅའ་ལའང་འཛེམ་དགོས།  གཉིས།  སྨན་འཐུང་ནས་གསོ་བཅོས་བྱེད་པ།

ཁྲག་ཤེད་མཐོ་བའི་མིག་ནད་སྔོག་འགོག་བྱེད་པ་ལ་སྨན་འཐུང་ཏེ་ཁྲག་ཤེད་ཚོད་འཛིན་བྱ་རྒྱུ་ནི་ཅུང་གལ་ཆེ་བའི་བྱེད་ཐབས་ཤིག་ཡིན། དེ་བས་ཁྲག་ཤེད་རྒྱུན་མཐུད་ངང་མཐོ་བའི་ནད་པ་རྣམས་ཀྱིས་སྨན་པའི་ངག་བཞིན་ཁྲག་ཤེད་ཇེ་དམའ་རུ་གཏོང་བའི་སྨན་འཐུང་ཏེ་མིག་ནད་འབྱུང་ཚད་ཇེ་དམར་གཏོང་དགོས།

གསུམ། མིག་ལ་དུས་བཅད་ལྟར་བརྟག་དཔྱད་བྱེད་པ།

ཁྲག་ཤེད་མཐོ་བའི་མི་རྣམས་ཀྱིས་མ་མཐའ་ཡང་ལོ་རེར་མཐོང་བྱེད་དྲ་སྐྱིའི་བརྟག་དཔྱད་སོགས་ཐེངས་རེར་བྱས་ཏེ། ནུས་ལྡན་ངང་མིག་གི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱེད་པ་དང་། མིག་ནད་སྔ་མོ་ནས་ཤེས་རྟོགས་དང་སྨན་བཅོས་བྱས་ན་ཞོར་ནད་གཞན་རྣམས་ཇེ་ཡང་དུ་གཏོང་བར་ཕན།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།