
ཞོག་ཁོག་མངར་མོའམ་ཞོག་མངར་ནི་འཚོ་བཅུད་ཕུན་སུམ་ཚོགས་པའི་ཟས་རིགས་ཤིག་ཡིན་ལ། དེའི་ནང་དུ་ཐཱན་ཆུ་འདྲེས་སྦྱོར་རྫས་དང་བཟའ་རུང་ཚི་སྣ། འཚོ་རྒྱུ། གཏེར་རྒྱུ་སོགས་གྲུབ་ཆ་མང་པོ་འདུས་ཡོད། དེའི་ཁྲོད་ཀྱི་བཟའ་རུང་ཚི་སྣ་ཡིས་ལྟོ་བ་འགྲང་བའི་ཚོར་བ་སྟེར་སླ་བ་དང་། འཚོ་རྒྱུAདང་འཚོ་རྒྱུCནི་རིམས་འགོག་ནུས་པ་ཇེ་མཐོར་གཏོང་བ་དང་ཆམ་ནད་དང་དུས་ཚིགས་རང་བཞིན་གྱི་ནད་སྔོན་འགོག་བྱེད་པར་ཕན། ཅཱ་དང་མཱེ་སོགས་གཏེར་རྒྱུ་ནི་སྙིང་དང་ཤ་གནད་ཀྱི་ནུས་པ་རྒྱུན་ལྡན་དུ་གཏོང་བར་ཕན་པ་སོགས་དགེ་མཚན་མང་དུ་ཡོད།
ཞོག་མངར་གྱི་ཕན་ཡོན།
རྩ་སྐམ་པ་གསོ་བཅོས་བྱེད་པར་ཕན།
གཅིག ཞོག་མངར་ཁྲོད་ཀྱི་བཟའ་རུང་ཚི་སྣ་ཡིས་རྩའི་བོངས་ཚད་ཇེ་ཆེ་དང་རྩ་ཇེ་སྙིར་བཏང་སྟེ་རྩ་སྐམ་པ་གསོ་བཅོས་བྱེད་ལ། སྟོན་ཁར་ནམ་ཟླ་སྐམ་ཐལ་ཆེ་སྐབས། རྒྱུ་མའི་ངོས་ཀྱི་ཟགས་ཆུས་མ་འདང་བར་རྩ་སྐམ་པའི་སྣང་ཚུལ་འབྱུང་སྲིད། དེ་དུས་ཞོག་མངར་འོས་འཚམ་རེ་ཟོས་ན་རྒྱུ་མའི་ནུར་འགུལ་ལ་སྐུལ་འདེད་བཏང་ནས། རྩ་སྐམ་པ་གསོ་བཅོས་བྱ་ཐུབ།
གཉིས། རིམས་འགོག་ནུས་པ་ཇེ་ཆེར་གཏོང་བར་ཕན།
ཞོག་མངར་ཁྲོད་ཀྱི་འཚོ་རྒྱུCདང་གཏེར་རྒྱུ་སེ་ཡིས་རིམས་འགོག་ནུས་པ་ཇེ་ཆེར་གཏོང་བ་དང་། ཆམ་ནད་དང་དུས་ཚིགས་རང་བཞིན་གྱི་ནད་སྔོན་འགོག་བྱ་ཐུབ་ལ། དགུན་ཁ་དང་སྟོན་ཁར་ཆམ་ནད་ཕོག་ཚད་མཐོ་བས། ཞོག་མངར་འོས་འཚམ་ཟོས་ན་ནད་དུག་འགོག་པར་ཕན།
གསུམ། སྙིང་དང་ཁྲག་རྩར་སྲུང་སྐྱོབ་བྱེད་པར་ཕན།
ཞོག་མངར་ཁྲོད་ཀྱི་བཟའ་རུང་ཚི་སྣ་ཡིས་ང་ཚོར་ལུས་པོའི་ལྗིད་ཚད་ཚོད་འཛིན་དང་ཁྲག་ཤེད་ཇེ་དམའ་རུ་གཏོང་རོགས་བྱེད་ལ། ཞོག་མངར་ཁྲོད་ཀྱི་ཅཱ་དང་མཱེ་སོགས་ནི་སྙིང་དང་ཤ་གནད་ཀྱི་རྒྱུན་ལྡན་གྱི་ནུས་པ་སྲུང་འཛིན་བྱེད་པར་ཕན། དེ་བས་ཞོག་མངར་འོས་འཚམ་ཟོས་ན་སྙིང་དང་ཁྲག་རྩའི་ནད་སྔོན་འགོག་བྱེད་པར་ཕན།
ཞོག་མངར་གྱི་ནང་དུ་འཚོ་བཅུད་ཕུན་སུམ་ཚོགས་པ་འདུས་ནའང་། དེ་ཚད་ལས་བརྒལ་བར་ཟས་ཆོག་པ་ཞིག་མིན། དེ་བས་ཉིན་རེར་ཞོག་མངར་ཟ་ཚད་ཁེ100ནས200བར་དུ་ཚོད་འཛིན་བྱས་ན་བཟང་། ཞོག་མངར་ཚད་ལས་བརྒལ་བར་ཟོས་ན་ཕོ་རྒྱུ་མི་བདེ་བ་དང་ཟས་འཇུ་དཀའ་བའི་གནད་དོན་འབྱུང་སྲིད་ལ། ལྷག་པར་དུ་གཤམ་གྱི་མི་འདི་དག་གིས་ཞོག་མངར་ཟ་ན་དེ་བས་ཀྱང་མཉམ་འཇོག་བྱ་དགོས།
གཅིན་སྙི་ཟ་ཁུའི་ནད་པ།
གཅིན་སྙི་ཟ་ཁུའི་ནད་པས་ཞོག་མངར་ཟ་ན་ཀ་རའི་འདུས་ཚད་ཉུང་བའི་ཟས་རིགས་གཞན་པ་དང་བསྡེབས་ནས་བཟའ་འོས། དེ་ལྟར་བྱས་ན་ཁྲག་མངར་གཏན་འཇགས་ཡོང་ཐུབ། དཔེར་ན་སྔོ་ཚལ་དང་སྲན་མའི་རིགས་སོགས་ལྟ་བུ། ཞོག་མངར་གྱི་ཁྲོད་དུ་སིང་ཕྱེ་དང་ཀ་རའི་འདུས་ཚད་མང་བས། གཅིན་སྙི་ཟ་ཁུའི་ནད་པ་རྣམས་ཀྱིས་ཡུན་རིང་ལ་ཞོག་མངར་ཟས་གཙོ་བོར་བྱས་ཏེ་ཟ་མི་རུང་།
ཕོ་རྒྱུའི་ནད་ཅན།
ཞོག་མངར་གྱི་ཁྲོད་དུ་ཚི་སྣའི་རྒྱུ་མང་པོ་ཡོད་པས། ཕོ་བ་དང་རྒྱུ་མའི་ནད་ཅན་གྱིས་ཞོག་མངར་ཚད་ལས་བརྒལ་བར་ཟོས་ན་ཕོ་རྒྱུ་མི་བདེ་བར་འགྱུར་སྲིད། དེ་བས་ཕོ་བའི་ཟགས་རལ་དང་ཕོ་བའི་གཉན་ཚད། ཕོ་རྒྱུ་མི་བདེ་བ་སོགས་ཀྱི་ནད་པས་རབ་ཡིན་ན་ཞོག་མངར་ཉུང་བསྟེན་བྱས་ན་བཟང་།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།