ཁྲག་བླངས་ཏེ་བརྟག་བཤེར་བྱེད་སྐབས་དོ་སྣང་བྱ་དགོས་པ་འགའ།
ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 8

གཅིག  ཁྲག་ལེན་སྐབས་ངེས་པར་དུ་ལྟོ་སྟོང་ཡིན་དགོས་པའི་སྐོར།

ཁྲག་མངར་དང་ཁྲག་ཚིལ། མཆིན་པའི་ནུས་པ། (གཙོ་བོ་མཁྲིས་པའི་དམར་བཤེར་དང་ཨེམ་སྒྱུར་རྩབས་ལ་བརྟག་པ) མཁལ་མའི་ནུས་པ། (གཙོ་བོ་ཁྲག་གཅིན་རྒྱུ་དང་གཅིན་སྐྱུར། ཤ་ཀན་སོགས་ལ་བརྟག་པ)  ཁྲག་གི་འབྱར་བག་ཚད་བཅས་ལ་བརྟག་པར་ངེས་པར་དུ་ལྟོ་སྟོང་ཡིན་དགོས།

གཉིས། ལྟོ་སྟོང་ཡིན་དགོས་མིན་ཐད་བླང་བྱ་ནན་མོ་མེད་པའི་སྐོར།

ཁྲག་གི་རྒྱུན་སྲོལ་བརྟག་བཤེར་དང་། ཁྲག་གི་ནུས་པ། མངར་འགྱུར་ཁྲག་དམར་སྤྲི་དཀར། ཁྲག་རིལ་དིམ་ཚད། ཁྲག་ཞན་མིན་བཅས་ལ་བརྟག་པ་དང་། འགོག་རྫས་གྲུབ་ཡོད་མེད་ལ་བརྟག་པ་སོགས་རིམས་འགོག་ནུས་པའི་བརྟག་བཤེར། སྙིང་ཤའི་མཚོན་རྫས་དང་འབྲས་སྐྲན་གྱི་མཚོན་རྫས། ཉིང་སྐྱུར་བརྟག་བཤེར་སོགས་ལ་ལྟོ་སྟོང་ཡིན་དགོས་མིན་ཐད་དུ་བླང་བྱ་ནན་མོ་མེད།

གསུམ། ཟ་མ་དང་ཁྲག་ལེན་པའི་དུས་ཚོད་ཀྱིས་ཤུགས་རྐྱེན་ཐེབས་སླ་བའི་སྐོར།

གཞན་མཉམ་འཇོག་བྱ་དགོས་པ་ཞིག་ལ་གསང་རྒྱུད་ཟགས་བཤེར་དང་འབྲེལ་བའི་དམིགས་ཚད་མང་པོ་ཞིག་ལ་ཟ་མའི་ཤུགས་རྐྱེན་ཐེབས་སླ་བ་དང་། ཁྲག་ལེན་པའི་དུས་སྐབས་ལའང་འབྲེལ་བ་ཡོད་པས། བརྟག་བཤེར་འདིའི་རིགས་བྱེད་སྐབས་རབ་ཡིན་ན་སྨན་པ་དང་བརྟག་བཤེར་ཚན་ཁག་ལ་འདྲི་རྩད་བྱས་ན་བཟང་ལ། ཟ་མ་སྣ་ཚོགས་ཟོས་ན་བརྟག་བཤེར་ལ་འགོར་འགྱངས་བྱེད་ངེས་ཡིན།

བཞི། ལྟོ་སྟོང་དུ་སྡོད་པའི་དུས་ཡུན་ལེགས་ཤོས།

ལྟོ་སྟོང་ཞེས་པ་ནི་དུས་ཚོད8ཀྱི་རིང་ལ་ཟས་མི་ཟ་བ་ལ་ཟེར་ཡང་། ལྟོ་སྟོང་དུ་སྡོད་པའི་དུས་ཡུན་ཅི་ཙམ་རིང་ན་དེ་ཙམ་བཟང་བའི་ངེས་པ་མེད་པར། དུས་ཚོད16གི་རིང་ལ་ལྟོ་སྟོང་དུ་བསྡད་ན་བརྟག་བཤེར་གྱི་མཇུག་འབྲས་ལ་ཤུགས་རྐྱེན་ཐེབས་སྲིད། དེ་བས་ཆེས་བཟང་བའི་ཟས་བཅད་དུས་ཡུན་ནི་དུས་ཚོད8ནས12ཀྱི་རིང་ཡིན་ལ། ལྟོ་སྟོང་ལ་འདུག་སྐབས་ཆུ་ཁོལ་ཉུང་ཙམ་འཐུངས་ཆོག་ནའང་འོ་མ་དང་ཚིགས་ཇ། ཞོ་ལ་སོགས་པའི་རིགས་འཐུང་མི་རུང་།  

                                                                                                                རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།