
2023ལོའི་ཟླ་4པར། གསོ་རིག་དུས་དེབ《ལིའུ་ཡེ་ཏའོ》ཞེས་པའི་ཡན་ལག་དུས་དེབ་སྟེང་། དུས་ཡུན་ཟླ་བ་6རིང་ལ་སྐབས་བསྟུན་འཚོ་བཅུད་ཐེ་གཏོགས་ཚོད་ལྟའི་གཤིབ་བསྡུར་བྱས་ནས། “སྟར་ཀ་ཟོས་ན་ཀླད་པར་ཕན་མིན”ཞེས་པའི་དོན་དག་འདིའི་ཐད་ལན་རགས་ཙམ་བཏབ་ཡོད། ཞིབ་འཇུག་བྱས་པའི་ནང་ལོ11ནས16བར་གྱི་སློབ་འབྲིང་སློབ་མ942བསྡུས་པ་དང་། གདམ་གསེས་བྱས་རྗེས་གཞོན་ནུ་ལོ་ཆུང771དབྱེ་ཞིབ་ནང་བཅུག་པ་དང་འབྲེལ་སྐབས་བསྟུན་ཚོགས་ཆུང་བགོས་ཡོད།
གཤིབ་བསྡུར་ཚོ་ཆུང་གིས་རྣམ་པ་གང་རུང་གི་ཐེ་གཏོགས་དང་ལེན་བྱས་མེད།
ཚོད་ལྟའི་ཚོ་ཆུང་ལ་ཉིན་རེར་སྟར་ཀའི་ནང་སྙིང་ཁེ30འདུས་པའི་ཁུག་མ་ཆུང་ཆུང་འབྱོར་སྲིད། ཧ་ལམ་སྟར་ཀ་3ནས་4བར་ཡིན། ཉིན་རེར་ཁུག་མ1ཟ་དགོས་ཤིང་ རྒྱུན་མཐུད་ངང་ཟླ་དྲུག་ལ་ཟ་དགོས།
འདི་ལྟར། སྟར་ཀ་ཟ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཟླ6གི་རིང་གཞོན་ནུ་ལོ་ཆུང་གི་ངོས་ནས་བཤད་ན། སྟར་ཀས་དངོས་གནས་ཀླད་པར་ཕན་ནུས་ཐོན་ཡོད། ཞིབ་འཇུག་མི་སྣས་ཀྱང་དུས་བཀག་ལྟར་སྟར་ཀ་གཟའ་འཁོར་རེར་སྟར་ཀ་10ཙམ་ཟོས་ན། རྒྱུན་མཐུད་ཀྱི་དོ་སྣང་བྱེད་ཤུགས་དང་། ལུས་ཁམས་ཀྱི་ཚོར་ནུས། འགུལ་སྐྱོད་མང་བའི་ནད་བཅས་ཀྱི་ནད་རྟགས་ལེགས་སུ་འགྲོ་སྲིད་མོད། འོན་ཀྱང་། བདེ་ཐང་གི་གཞོན་ནུ་ལོ་ཆུང་གི་དབང་རྩ་འཚར་སྐྱེ་ལ་ཤུགས་རྐྱེན་མངོན་གསལ་མི་ཐེབས་པའི་ངོས་འཛིན་བྱེད་ཀྱི་ཡོད།
དོན་དངོས་ཐོག སྟར་ཀའི་ནང་དུ་ཀླད་པར་མཁོ་བའི་འཚོ་བཅུད་ཀྱི་གྲུབ་ཆ་མང་པོ་འདུས་ཡོད་པ་དཔེར་ན། སྤྲི་དཀར་རྫས་ནི་ཀླད་ཆེན་གྱི་གྲུབ་ཆ་ཡིན། ཐཱན་ཆུ་འདྲེས་རྫས་ཀྱིས་ཀླད་པའི་འཁོར་སྐྱོད་ལ་ནུས་ཚད་མཁོ་འདོན་བྱེད་ཀྱིན་ཡོད། ཚད་མ་ལོངས་པའི་ཚིལ་སྐྱུར་a-ཡ་མ་སྐྱུར་ནི་ལུས་སྟེང་གིDHAརུ་འགྱུར་ཐུབ་པས། ཀླད་པའི་བདེ་ཐང་ལ་ཕན་པ་ཡོད།
འོན་ཀྱང་། དྲན་སྐུལ་བྱེད་དགོས་པ་ཞིག་ནི། ཞིབ་འཇུག་ལས་མངོན་པ་ལྟར་ན། ཡུན་རིང་སྟར་ཀ་ཟ་རྒྱུ་རྒྱུན་འཁྱོངས་བྱས་ན། “ཀླད་པར་”ཕན་པ་ངེས་ཅན་ཞིག་ཡོད་མོད། འོན་ཀྱང་སྟར་ཀ་ཟ་བར་བརྟེན་ནས་བློ་རིག་ཇེ་གསལ་དུ་གཏོང་རྒྱུའི་རེ་བ་བྱེད་མི་རུང་།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།