དོན་ངོ་མར་བྱིས་པས་ཁྲོག་ལེ་ཟ་རུང་ངམ།
ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 1

ལྷད་མེད་ཚད་ཅུང་མཐོ་བའི་ཁྲོག་ལེའི་ནང་དུ་ཁོ་ཧྥེ་དབྱིན་ཉུང་ཤས་འདུས་ཡོད། དཔེར་ན། ལྷད་མེད་ཚད་ཅུང་མཐོ་བའི་ཁྲོག་ལེ་ནག་པོའི་ནང(75%ནས85%ཡི་ཁོ་ཁོ་སྲ་གཟུགས་དངོས་པོ་འདུས་པས)ཁ་ཧྥེ་དབྱིན་གྱི་འདུས་ཚད་ནི་ཧ་ལམ་ཁེ100རེའི་ནང་དུ་ཧའོ་ཁེ80ཙམ་ཡོད། འོན་ཀྱང་། ཁྲོག་ལེ་ནག་པོ་རྡོག་གཅིག་ལ་ཁེ5ཡོད་པ་དང་། ཉིན་རེར་ཁྲོག་ལེ་ཆུང་ཆུང4ཙམ་ཟོས་པའི་ཚད་ལྟར་བརྩིས་ན། ཁོ་ཧྥེ་དབྱིན་གྱི་སྡུད་ཚད་ནི་ཧ་ལམ་ཧའོ་ཁེ16ཡིན། ལོ13ལ་སོན་པ་དང་དེའི་ཡན་གྱི་གཞོན་ནུ་ལོ་ཆུང་ལ་མཚོན་ན། ཉིན་རེའི་ཁོ་ཧྥེ་དབྱིན་གྱི་སྡུད་ཚད་ནི་ལྗིད་ཚད་སྟོང་ཁེ་རེ་ལ་ཧའོ་ཁེ2.5ལས་བརྒལ་མི་རུང་བ་དང་། ལུས་པོའི་ལྗིད་ཚད་སྟོང་ཁེ6.4ཡན་གྱི་བྱིས་པས་ཉིན་རེ་ལ་ཁྲོག་ལེ་ཁེ20ཙམ་ཟོས་ན་བདེ་ཐང་དུ་གཏོགས་པ་ཡིན།

ཡིན་ནའང་། མཉམ་འཇོག་བྱ་དགོས་པ་ཞིག་ལ། རིན་གོང་དམའ་བའི་ཁྲོག་ལེ་ཁ་ཤས་ནང་དུ་ཁོ་ཁོ་ཚིལ་འདུས་སྲིད། ཁོ་ཁོ་ཚིལ་གྱི་ཚབ་མ་ནི་རྩི་ཤིང་སྣུམ་ལས་ཐོན་པ་ཡིན་ཞིང་། ལས་བཟོ་བྱེད་པའི་གོ་རིམ་ཁྲོད་ཚིལ་འབྱུང་སྲིད་པས། ལུས་པོའི་བདེ་ཐང་ལ་གནོད་པ་ཡིན།

དོན་དངོས་སུ། ཁྲོག་ལེ་འོས་འཚམ་ཟོས་ན། གནོད་པ་མེད་པས་མི་ཚད་དེ་ལས་ལྡོག་སྟེ་ཕན་པ་མི་ཉུང་བ་ཡོད། ཁྲོག་ལེ་ཡིས་ང་ཚོར་ནུས་ཚད་མཁོ་འདོན་བྱེད་ཐུབ་པ་སྟེ། ང་ཚོ་ཐང་ཆད་པའམ་ནུས་ཚད་ཟད་པའི་སྐབས་སུ། ཁྲོག་ལེ་ཟོས་ན་འཕྲལ་མར་ལུས་ཤུགས་སླར་གསོ་བྱེད་ཐུབ། གཞན་ད་དུང་སེམས་ཁྲལ་ཆེ་བའི་རྣམ་པ་ཞི་ལྷོད་དུ་གཏོང་ཐུབ་པ་སྟེ། མིའི་བྲེལ་འཚུབ་དང་སེམས་ཁྲལ་ཆེ་བའི་རྣམ་པ་ལྷོད་ལ་འབབ་ཏུ་འཇུག་པ་ཡིན། དེ་མིན། ཁྲོག་ལེ་ཡིས་ཕོ་རྒྱུའི་བྱེད་ནུས་ལ་སྐུལ་འདེད་བཏང་སྟེ་ཟས་འཇུ་བ་ལ་རོགས་རམ་བྱེད་ཐུབ་པ་ཡིན།

དེར་བརྟེན། ང་ཚོས་དོན་དངོས་མིན་པའི་བཤད་སྲོལ་ཁ་ཤས་ལ་རྐྱེན་བྱས་ཏེ་ཁྲོག་ལེ་རྩ་བ་ནས་དང་ལེན་མ་བྱས་ན་མི་འགྲིག་སྟེ།  ཁྲོག་ལེ་ཡི་ཁྱད་ཆོས་དང་ཡང་དག་པའི་ཟ་སྟངས་ལ་རྒྱུས་ལོན་བྱས་རྗེས། འོས་འཚམ་ངང་ཁྲོག་ལེ་ཟས་ཏེ་དེའི་ཕན་པ་ལོངས་སྤྱོད་བྱས་ཆོག

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ། 


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།