“སྒྱིད་ལུག་གི་ཐབས་ཤེས”འདི་ལྔ་པོས་བདེ་ཐང་གི་སྙིང་ཁམས་གསོ་ཐུབ།

ཁུངས། ཀློག་གྲངས།

   སྙིང་ཁམས་ནི་ཧ་ཅང་གསོ་དཀའ་བ་ཞིག་མིན། དོན་དངོས་སུ་ཆེད་དུ་ལུས་སྦྱོང་ཁང་ལ་འགྲོ་བ་དང་བདེ་ཐང་གི་

ཟ་མ་ཟ་དགོས་པ་ཞིག་མིན་པར། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ནས་འགྱུར་བ་ཆུང་ངུ་ཞིག་གིས་ཀྱང་སྙིང་ཁམས་བདེ་

ཐང་དུ་གཏོང་ཐུབ།

གཅིག ཆོས་ཉིད་ལྡན་པར་ངལ་གསོ་བྱེད་པ།

གལ་སྲིད་སྔ་མོ་ནས་ངལ་གསོ་བྱེད་མ་ཐུབ་ཀྱངཆོས་ཉིད་དང་ལྡན་པའི་ངལ་གསོབྱ་རྒྱུར་ཁག་ཐེག་བྱ་དགོས། ཉིན་སྔོན་མ་ལས་སྔ་བར་ཉལ་ནས་ཆུ་ཚོད23གྱི་སྔོན་ལ་གཉིད་ན་བཟང་། མ་ཉལ་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་ཁ་པར་མི་རྩེ་བར།  རྐང་པ་སྦོང་བ་དང་བག་ལྷོད་པའི་རོལ་དབྱངས་ལ་ཉན་ནས་སྙིང་ཁམས་རིམ་གྱིས་ལྷོད་ལ་འབབ་པར་བྱ་དགོས།

གཉིས། བཟའ་བཏུང་སྤྱོད་ཤེས་བྱེད་པ།

རང་ཉིད་དགའ་བའི་ཟས་རིགས་རྩ་བ་ནས་གཅོད་མི་དགོས་པར་གཙོ་བོ་མང་ཉུང་ལ་ཚོད་འཛིན་དང་གདམ་ཀ་ལེགས་པོ་བྱས་ཏེ། འོ་ཇ་འཐུང་དུསམངར་ཚད་གསུམ་ཤས་ཅན་དང་འོ་མ་གསར་བགདམ་དགོས་པ་དང་། བྱ་ཤ་བསྲེགས་མ་ཟ་སྐབས་བྱ་ཤུན་མེད་པར་གཏོང་བ། རྒྱ་ཁོག་ཟ་དུས་ནོར་ལུག་གི་ཤ་ཚོན་པོ་ཉུང་ཙམ་གདམ་པ། སྔོ་ཚོད་དང་ཤ་མོ་མང་ཙམ་ཟ་བ་བཅས་བྱ་དགོས། ཉིན་རེར་སྟར་ཀ་དང་སིལ་རྡོ་ལྟ་བུའི་སྲ་འབྲས་ཟ་བ་དང་། ཀ་ར་མེད་པའི་སྲན་ཁུ་ཕོར་གང་འཐུངས་ན། ཚད་མ་ལོངས་པའི་ཚིལ་སྐྱུར་ཁ་གསབ་དང་ཁྲག་རྩ་སྲུང་ཐུབ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་རེར་ཚྭ་བསྡུ་ཚད་ཁེ5ལས་མི་བརྒལ་བ་དང་། བསྙལ་ཟས་དང་བསྙལ་ཚལ་ཉུང་ཙམ་ཟ་དགོས་པའི་རེ་བ་བཏོན་ཡོད།

 

གསུམ། འགུལ་སྐྱོད་བྱེད་པ།

ལུས་སྦྱོང་ཁང་དུ་འགྲོ་ཁོམ་མ་བྱུང་ཚེ། ཁོམ་སྐབས་ཀྱི་དུས་ཚོད་བེད་སྤྱད་ནས་འགུལ་སྐྱོད་བྱ་དགོས་ཏེ། ལས་ཚོགས་ཀྱི་སྐབས་སུ། ཆུ་ཚོད་གཅིག་འགོར་རྗེས་ཡར་ལངས་ནས་སྐར་མ5ལ་འགུལ་སྐྱོད་བྱེད་པ་དང་། གློག་སྐས་ཀྱི་དོད་དུ་ཐེམ་སྐས་ལ་འགོ་བ། གཟའ་མཇུག་ཏུ་སྐར་མ30ཙམ་ལ་འཆམ་འཆམ་བྱེད་པ་དང་རྐང་འཁོར་བསྐོར་བའམ། བརྙན་ཐུང་ལ་བལྟས་ནས་སྐར་མ15ཙམ་ལ་ལུས་སྦྱོང་བྱེད་པ། ཁྱིམ་དུ་གཙང་སྦྲ་བྱེད་པ་དང་མེ་ཏོག་ལ་ཆུ་གཏོར་བ་སོགས་ཀྱིས་ཀྱང་སྙིང་ཁམས་ལ་སྦྱོང་བརྡར་བྱེད་ཐུབ་པ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་ངེས་དགོས།

གཟའ་འཁོར་རེར་ཉུང་མཐར་ཡང་སྐར་མ150ཙམ་ལ་དྲག་ཚད་འབྲིང་ཙམ་གྱི་འགུལ་སྐྱོད་བྱ་དགོས་པའི་རེ་བ་བཏོན་ཡོད། དེ་ལྟར་བྱས་ན་སྙིང་ལ་སྔར་ལས་གསོན་ཤུགས་ལྡན་ངེས།

བཞི། སེམས་ཁམས་སྙོམ་སྒྲིག་བྱས་ནས་སྙིང་ཁམས་ལྷོད་ལ་འབབ་པར་བྱེད་པ།

གནོན་ཤུགས་ཆེ་དུས་སྐར་མ5ཡི་ངལ་གསོ་བྱེད་ཐབས་ལ་ཚོད་ལྟ་བྱ་དགོས་ཏེ། དབུགས་རིང་རྔུབ་པ(དཔེར་ན་སྐར་ཆ4ལ་དབུགས་རྔུབ་པ་དང་སྐར་ཆ4ལ་དབུགས་འགོག་པ། སྐར་ཆ6ལ་དབུགས་འབྱིན་པ)དང་། དགོད་བྲོ་བའི་མཚར་གཏམ་ལ་ཉན་པ། ཕྱི་རུ་ཉི་མར་ལྡེ་བ་སོགས་བྱེད་པ་ལས་སེམས་ཁམས་མི་སྐྱིད་པར་མི་འདུག་པ་དང་། ངུས་ནའང་སྙིང་ཁམས་ཀྱི་གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ།

ལྔ། ལོ་ན20ལ་སོན་རྗེས་ལོ་རེར་སྙིང་ལ་བརྟག་དཔྱད་བྱ་དགོས།

ན་གཞོན་མང་བོསནད་རྟགས་མེད་ན་ལུས་བཤེར་བྱ་མི་དགོསའདོད་པ་དེ་དོན་དངོས་སུ་ནོར་འཆུག་ཞིག་ཡིན་ཏེ། ལོ་ན20ཡན་གྱི་མིས་ལོ་རེར་ཉུང་མཐར་ཡང་ཁྲག་ཤེད་དང་ཁྲག་མངར། ཁྲག་ཚིལ་བཅས་ལ་ཐེངས་གཅིག་བརྟག་བཤེར་བྱ་དགོས། གལ་ཏེ་ཁྱིམ་རྒྱུད་དུ་སྙིང་ནད་ཀྱི་གནས་ཚུལ་ཡོད་པ་དང་། རྒྱུན་དུ་མཚན་ཕུད་བྱེད་པ་དང་ཐ་མག་འཐེན་ན། སྙིང་གི་གློག་རིས་སྤྱད་ནས་བརྟག་བཤེར་བྱ་དགོས། གནད་དོན་སྔ་མོ་ནས་ཤེས་རྟོགས་བྱུང་ཚེ་གོམས་གཤིས་སྔ་མོ་ནས་ལེགས་སྒྲིག་བྱས་ན་སྨན་འཐུང་བ་དང་ཁབ་རྒྱག་པ་ལས་ཕན་ནུས་ཆེ་བ་ཡིན།

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།