
ནམ་རྒྱུན་འཚོ་བའི་ཁྲོད་མི་ཁག་ཅིག་འགུལ་སྐྱོད་ཅུང་ཟད་བྱས་མ་ཐག་ལམ་སེང་དབུགས་ཧལ་ནས་དཀའ་ལས་ཁག་པ་དང་།ཡང་མི་འགའ་ཤས་ནི་འགུལ་སྐྱོད་ཅུང་ཙམ་བྱས་མ་ཐག་རྐེད་པ་དང་ཁོག་སྟོད། རྐང་ཟུང་ན་བ་སོགས་གང་ལྟར་ལུས་པོ་མི་བདེ་བའི་སྣང་ཚུལ་སྣ་ཚོགས་བྱུང་བའི་དབང་གིས་དུས་རྟག་ཏུ་རང་ཉིད་ཀྱི་གཟུགས་པོར་སེམས་ཁྲལ་བྱེད་བཞིན་ཡོད།
དེ་ན་ལུས་རྩལ་རིགས་འདི་གསུམ་རྩེད་ཐུབ་ན་གཟུགས་པོ་བདེ་ཐང་ཡིན་པའི་རྟགས་རེད།
1. ཡུན་རིང་མིག་བཙུམས་ཏེ་རྐང་པ་ཡ་གཅིག་བཀྱགས་ནས་ལངས་པ།
མིག་བཙུམས་ཏེ་རྐང་པ་ཡ་གཅིག་བཀྱགས་ནས་དུས་ཚོད་ག་ཚོད་ཙམ་ལངས་ཐུབ་མིན་ལ་རྩིས་རྒྱག་དགོས་ཤིང་། མིག་ཕྱེ་མ་ཐག་དུས་ཚོད་བརྩི་མཚམས་འཇོག་དགོས། གལ་སྲིད་དེ་ལྟར་དུས་ཚོད་སྐར་མ་གཅིག་ལྷག་ཙམ་ལངས་ཐུབ་ན་ཁྱེད་རང་གི་གཟུགས་པོའི་བྱང་ཚད་ཧ་ཅང་ཡག་པོ་ཡོད་པའི་རྟགས་རེད།
དེ་ནི2023ལོར་བཟོ་བཅོས་བྱས་པའི《རྒྱལ་དམངས་ཀྱི་གཟུགས་པོའི་གནས་ཚུལ་འཇལ་བའི་ཚད་གཞི》ཞེས་པའི་ནང་གི་ཚོད་ལྟ་ཆུང་ཆུང་ཞིག་ཡིན་ཞིང་། ལུས་རྩལ་དེ་རྩེད་དུས་མིག་བཙུམས་དགོས་དོན་ནི་དཔེར་ན་ཀླད་པ་དང་རྣ་དབང་། རུས་ཚིགས་དང་ཤ་གནད་སོགས་ལུས་པོའི་ཆ་ལག་གཞན་གྱིས་གཟུགས་པོ་དོ་སྙོམས་ཡོང་ཆེད་ནུས་པ་སྔར་བས་ཆེ་བ་ཐོན་ཐུབ་པའི་ཆེད་དུ་རེད།
2. ངལ་གསོ་མ་བྱས་པར་ཐེམ་སྐས་ལ་སྐར་མ་བཅོ་ལྔ་ཡས་མས་སུ་འགོ་བ།
ངལ་གསོ་གཅིག་ཀྱང་མ་བྱས་པར་ཐེམ་སྐས་ལ་སྐར་མ་བཅོ་ལྔ་ཡས་མས་སུ་འགོ་ཐུབ་ན་ཁྱེད་རང་གི་གཟུགས་པོའི་བྱང་ཚད་ཧ་ཅང་ཡག་པོ་ཡོད་པའི་རྟགས་རེད། རྒྱལ་སྤྱིའི་དུས་དེབ《རྒ་བའི་ཕྲ་ཕུང་》 ཞེས་པས་གཟུགས་པོ་བདེ་ཐང་ཅན་གྱི་རྒན་རྒོན་196གི་ཐེམ་སྐས་ལ་འགོས་པའི་གནས་ཚུལ་ལ་ཞིབ་འཇུག་བྱས་འབྲས་གཞིར་བཟུང་ནས་རྒན་རྒོན་རིགས་གཉིས་སུ་དབྱེ་ཡོད་དེ། གཅིག་ནི་གཟུགས་པོའི་ལོ་ཚོད་དོན་དངོས་ལས་ཆུང་བ་ཡིས་དུས་ཚོད་སྐར་མ་བཅོ་ལྔའི་རིང་ངལ་གསོ་གཅིག་ཀྱང་མ་བརྒྱབ་པར་ཐེམ་སྐས་ལ་འགོ་ཐུབ་པ་དང་།གཉིས་ནི་གཟུགས་པོའི་ལོ་ཚོད་དོན་དངོས་ལས་ཆེ་བ་ཡིས་དུས་ཚོད་སྐར་མ་བཅོ་ལྔ་ཡི་རིང་ངལ་གསོ་གཅིག་ཀྱང་མ་བྱས་པར་ཐེམ་སྐས་ལ་འགོ་མི་ཐུབ་པ་ཡིན། ད་དུང་ཁྲག་རྒྱུན་གྱི་མ་དཔེར་དབྱེ་ཞིབ་བྱས་རྗེས་ཤེས་རྟོགས་བྱུང་བར། རྒན་རྒོན་མི་ཚོགས་རིགས་དེ་གཉིས་ཀྱི་ལུས་པོའི་ཁྲོད་ཀྱི་བརྗེ་ཚབ་དངོས་པོའི་ཚད་གཞི་ཡང་མངོན་གསལ་གྱིས་མི་འདྲ་བ་ཡིན། གཞན་ཡང་ཐེམ་སྐས་ལ་འགོ་བ་དེས་སྙིང་ཁམས་ཁྲག་རྩའི་ཁྲག་མཁོ་འདོན་བྱེད་པའི་ནུས་པ་དང་། ལུས་སྨད་ཀྱི་ཤུགས། པུས་མོའི་ཐེག་ནུས་བཅས་ཀྱི་གནས་ཚུལ་ཞོར་ནས་རྟོགས་ཐུབ།
3.སྐར་མ་གཅིག་གི་ནང་ལུས་པོ་དགྱེ་གུག་ཐེངས་བཅུ་གཉིས་ལ་བྱེད་པ།
ལག་པ་འཇུ་ས་མེད་པའི་རྐུབ་སྟེགས་ཧ་ལམ་མཐོ་ཚད་ལི་སྨི་46ནས་48ཡོད་པ་ཞིག་གི་སྟེང་ལ་བསྡད་དེ་ལག་པ་གཉིས་དཔུང་པ་གཡས་གཡོན་དུ་བསྣོལ་མར་སྦྱར་བ་དང་།རྐང་པ་གཉིས་ས་ངོས་སུ་སྙོམས་པར་བཞག་རྗེས། རྐུབ་སྟེགས་ཐོག་ཀྲོང་ངེར་ལངས་དགོས་པ་དང་དེ་ནས་ཐད་ཀར་མར་ལྡིང་དགོས། དེ་ལྟར་རྒྱུན་མཐུད་སྒོས་དུས་ཚོད་སྐར་མ་གཅིག་གི་ནང་ཚུན་དུ་ཐེངས་12ལས་བརྒལ་ཐུབ་ན་ཁྱེད་རང་གི་གློ་སྙིང་ཡག་པོ་ཡོད་པའི་རྟགས་རེད། གལ་སྲིད་སྐར་མ་གཅིག་གི་ནང་ཚུན་དུ་ཐེངས་བཅུ་གཉིས་ལ་དེ་ལྟར་བྱེད་མ་ཐུབ་ན་གཟུགས་པོའི་བརྗེ་ཚབ་ནུས་པ་ཅུང་ཞན་པས་དོ་སྣང་བྱེད་དགོས།
གཞན་ཡང་གཟུགས་པོ་ཀྲོང་ངེར་ལངས་པ་དང་དེ་ནས་གདན་སྟེང་དུ་རྐང་བ་བསྣོལ་ནས་དཀྱིལ་ཀྲུང་དུ་སྡོད་པ་ལ་ཚོད་ལྟ་བྱས་ཤིང་། དེ་ཡང་རྒྱུན་མཐུད་སྒོས་ཇི་ཙམ་སྡོད་ཐུབ་ན་དེ་ཙམ་གྱིས་འབྱུང་བཞིའི་ལུས་ཁམས་བདེ་ཐང་ཡིན་པའི་རྟགས་མཚན་ཡིན་པ་མཚོན།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།