ལུས་པོ་རྐྱོང་འཐེན་བྱེད་པ་ལ་ཕན་པ་གང་དག་ཡོད།

ཁུངས། ཀློག་གྲངས།


དུས་རྒྱུན་ལུས་པོ་རྐྱོང་འཐེན་བྱས་ན་ཕན་པ་གང་དག་ཡོད་པའི་སྐོར་གྱི་ཤེས་བྱ་ངོ་སྤྲོད་ཅིག་བྱེད།

གཅིག ངལ་དུབ་སེལ་བར་ཕན་པ།

ལུས་པོ་རྐྱོང་འཐེན་བྱེད་པ་ནི་ངལ་དུབ་སེལ་ཐབས་བཟང་བོ་ཞིག་ཡིན། ཆེས་སྟབས་བདེའི་རྐེད་རྐྱོང་བྱས་ན། ལུས་པོའི་གཞོགས་གཉིས་དང་རྒྱབ་ཀྱི་ཤ་གནད་རྐྱོང་འཐེན་བྱེད་ཐུབ་པས། ལུས་ཡོངས་ཀྱི་ཁྲག་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་དང་། ངལ་དུབ་དང་ཤ་གནད་ན་བ་སོགས་སེལ་ཐུབ།

གཉིས། འགུལ་སྐྱོད་ནུས་པ་མཐོར་འདེགས་གཏོང་བར་རོགས་རམ་བྱེད་པ།

ལུས་པོ་རྐྱོང་འཐེན་བྱེད་པ་ཡིས་འགུལ་སྐྱོད་ནུས་པ་མཐོར་འདེགས་གཏོང་ཐུབ་པས། འགུལ་སྐྱོད་སྔར་ལས་གནད་ལ་འཁེལ་ཐུབ་པར་མ་ཟད། རྨས་སྐྱོན་ཐེབས་པའི་ཉེན་ཁའང་ཇེ་ཆུང་དུ་གཏོང་ཐུབ། རྐྱོང་འཐེན་འགུལ་སྐྱོད་ཀྱིས་ལུས་པོའི་མཉེན་གཤིས་ཇེ་མཐོར་གཏོང་ཐུབ་པ་དང་། ལུས་ཚིགས་ཀྱི་འགུལ་སྐྱོད་ཚད་ཇེ་མཐོར་གཏོང་བའམ་རྒྱུན་འཁྱོངས་བྱེད་ཐུབ། 

གསུམ། འགུལ་སྐྱོད་བྱས་རྗེས་ཀྱི་ཤ་གནད་སླར་གསོ་བྱེད་པ།

དབྱང་ལྡན་འགུལ་སྐྱོད་བྱེད་པའམ་ཤ་གནད་ཀྱི་སྟོབས་ཤུགས་སྦྱོང་བརྡར་བྱེད་པ་གང་ཡིན་རུང་། འགུལ་སྐྱོད་བྱས་རྗེས་ཤ་གནད་ལ་ངལ་དུབ་དང་འཁུམ་པ་འབྱུང་སྲིད། སྐབས་དེར་རྐྱོང་འཐེན་བྱས་ན་ཤ་གནད་ཀྱི་ངལ་དུབ་དང་འཁུམ་པ་སེལ་བ་དང་། སླར་གསོ་ཡོང་བར་སྐུལ་འདེད་བྱེད་ཐུབ། འགུལ་སྐྱོད་བྱེད་སྐབས་གནོད་སྐྱོན་མི་ཐེབས་པ་དང་འགུལ་སྐྱོད་སྦྱོང་བརྡར་གྱི་ཕན་འབྲས་མཐོར་འདེགས་གཏོང་ཐུབ།

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།