
1.སེ་འབྲུ་ཡིས་ཕོ་རྒྱུ་སྙོམས་གསོ་བྱེད་ཅིང་གསུས་གཟེར་འཁྲུ་ནད་གསོ་བཅོས་བྱེད་ཐུབ།
སེ་འབྲུ་ལ་དྭངས་སྐྱེད་སྐོམ་སེལ་དང་ཚ་བ་འཇོམས་པའི་ཕན་ནུས་ལྡན། གཞན་ཡང་སེ་འབྲུའི་ནང་དུ་འཚོ་རྒྱུC དང་ལེ་མོན་སྐྱུར། ཀུ་ཤུའི་སྐྱུར་སོགས་འཇུ་བ་དང་ཁྲག་ཚིལ་ཇེ་དམའ་རུ་གཏོང་བར་ཕན་པའི་དངོས་རྫས་མང་བོ་འདུས་ཡོད་པས། ཕོ་རྒྱུ་སྙོམས་སྒྲིག་བྱེད་པར་ཕན་ནུས་ངེས་ཅན་ཞིག་ལྡན།
2.སེ་ཡབ་ཀྱིས་འཇུ་སྟོབས་ཞན་པ་དང་ཕོ་ཚད་ལྷོད་འབྱེད་བྱེད་ཐུབ།
སེ་ཡབ་ལ་སེ་ཡབ་ཕབས་རྒྱུ་འདུས་པས་འཇུ་སྟོབས་ཞན་པ་དང་ཕོ་ཚད་ལྷོད་འབྱེད་བྱེད་ཐུབ་པར་མ་ཟད། ཕོ་མཚེར་གསོ་བ་དང་ཕོ་བ་ན་བ་གསོ་བཅོས་བྱེད་ཐུབ་པའི་ཟས་རིགས་བཟང་བོ་ཞིག་ཡིན་པས། རློན་པར་ཟོས་ཆོག་ལ་སྔོ་ཚོད་དང་ཤ་རིགས་ལ་སོགས་མཉམ་དུ་བཙོས་ནས་ཟོས་ཀྱང་ཆོག
3.ཐང་འབྲས་ཀྱིས་ཕོ་བ་གསོ་ཞིང་ཟས་འཇུ་བ། ཕོ་བར་གཙང་སེལ་བྱེད་པ་དང་སྐོམ་པ་སེལ་ཐུབ།
ཐང་འབྲས་ལ་ཕོ་བ་གསོ་བ་དང་ཟས་འཇུ་བ། མཚེར་བ་གསོ་ཞིང་བཤལ་བ་འགོག་པ། ཕོ་བར་གཙང་སེལ་དང་སྐོམ་པ་སེལ་བ་སོགས་ཀྱི་ཕན་ནུས་ལྡན། ཐང་འབྲས་འོས་འཚམ་ཟོས་ན་མཁལ་ཚད་དང་ཁྲག་ཤེད་མཐོ་བའི་ནད་པར་ཕན་ཆེ།
4.ཨ་མྲས་ཕོ་བསིལ་མི་འདང་བ་སྙོམས་གསོ་བྱེད་ཐུབ།
ཨ་མྲ་ལ་ཚ་སེལ་དྭངས་སྐྱེད་དང་ཕོ་སྲུང་ལུ་འགོག་སོགས་ཀྱི་ཕན་ནུས་ལྡན་ཞིང་། དེ་ཕོ་བསིལ་མི་འདང་བ་དང་སྐོམ་པ། མིད་པ་སྐམ་པ། ཕོ་བའི་འཇུ་སྟོབས་ཞན་པའི་མིས་ཟོས་ན་ཧ་ཅང་འཚམ།
5.སེའུ་ཡིས་ཟུངས་ཁྲག་གསོ་བ་དང་ཟས་ཀྱི་ཡུ་ག་འབྱེད།
སེའུ་ལ་འདུས་པའི་འཚོ་བཅུད་ཕུན་སུམ་ཚོགས་ཤིང་སྒོས་སུ་ལྕགས་ཀྱི་འདུས་ཚད་ཧ་ཅང་མཐོ། དེར་ཟུངས་ཁྲག་གསོ་ཞིང་ཟས་ཀྱི་ཡུ་ག་འབྱེད་པའི་ཕན་ནུས་ལྡན། མཉམ་འཇོག་དགོས་པ་ཞིག་ལ། ལུས་ཕུང་སྲིབས་ཉམས་ཁོག་ཚ་ཆེ་བ་ཅན་གྱིས་ཉུང་ཙམ་བཟའ་དགོས།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།