པུས་ཚིགས་ན་བ་སྔོན་འགོག་བྱེད་ཐབས།

ཁུངས། ཀློག་གྲངས།

 ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་པུས་ཚིགས་ན་བཞིན་པའི་ནད་པ་མང་པོ་ཞིག་མཐོང་ཐུབ་པས། ཀུན་གྱིས་རང་ཉིད་ཀྱི་བདེ་ཐང་ལ་གཞིགས་ནས་དུས་རྒྱུན་གྱི་འཚོ་བའི་ཁྲོད་པུས་ཚིགས་ཀྱི་བདེ་ཐང་ལ་གཟབ་ནན་བྱེད་དགོས།

གཅིག  བདེ་ཐང་གི་ལུས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱེད་པ།

 ལུས་པོ་ལྗིད་དྲགས་ཚེ་པུས་ཚིགས་ཀྱི་གནོན་ཤུགས་ཇེ་ཆེར་སོང་ནས་ན་ཟུག་སྐྱེས་པ་ཡིན།

གཉིས།  འགུལ་སྐྱོད་འོས་འཚམ་བྱེད་པ།

  འགུལ་སྐྱོད་འོས་འཚམ་བྱས་ན་ཤ་གནད་རྒྱས་པ་དང་པུས་ཚིགས་ཀྱི་བརྟན་བརླིང་རང་བཞིན་ཇེ་མཐོར་བཏང་སྟེ།  རྨས་ཕོག་པའི་ཉེན་ཁེ་ཇེ་ཆུང་དུ་གཏོང་ཐུབ།

གསུམ།  ལུས་རྩལ་སྦྱོང་བརྡར་འོས་འཚམ་བྱེད་པ།

  ཚད་ལས་བརྒལ་བའི་ལུས་རྩལ་ལ་འཛེམ་ཏེ། པུས་ཚིགས་ལ་ངལ་གསོ་བའི་དུས་ཚོད་འདང་ངེས་ཤིག་སྤྲོད་དགོས།

བཞི།  འོས་ཤིང་འཚམ་པའི་ལྷམ་དང་སྲུང་ཆས་སྤྱོད་པ།

  འོས་འཚམ་གྱི་ལྷམ་དང་སྲུང་ཆས་ཀྱིས་དགོས་ངེས་ཀྱི་འདེགས་སྐྱོར་དང་སྲུང་སྐྱོབ་བྱེད་ཐུབ།

ལྔ།  དུས་བཅད་ལྟར་བརྟག་དཔྱད་བྱེད་པ། 

དུས་བཅད་ལྟར་ལུས་པོ་དང་ཚིགས་ལ་བརྟག་དཔྱད་བྱས་ཚེ་མངོན་མེད་ཀྱི་གནད་དོན་གང་མང་ཞིག་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་ཐུབ་པས་ཀུན་གྱི་དོ་སྣང་ཡོད་པར་ཞུ། 

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།