ཨོལ་རྨེན་མདུད་འབུར་སྔོན་འགོག་བྱེད་པའི་བཟའ་བཏུང་གི་གོམས་གཤིས་བཞི། 

ཁུངས། ཀློག་གྲངས།

  ཨོལ་རྨེན་མདུད་འབུར་ཡོད་མེད་གང་ཡིན་རུང་། བཟའ་བཏུང་གི་གོམས་གཤིས་ལེགས་པོ་ཞིག་ཆགས་ན་མིའི་ལུས་ཕུང་ལ་ཕན་ཐོགས་ཆེན་པོ་ཡོད་པས། རྒྱུན་ལྡན་གྱི་བཟའ་བཏུང་ཁྲོད་ཨོལ་རྨེན་མདུད་འབུར་

སྔོན་འགོག་བྱེད་ན་ཕྱོགས་འདི་དག་ལ་མཉམ་འཇོག་བྱེད་དགོས་ཏེ།

1.སྔོ་ཚོད་དང་སིལ་ཏོག་གསར་བ་མང་ཙམ་བཟའ་དགོས། དཔེར་ན། སྣུམ་ཚོད་དང་ཏུང་ཀྭ། འདམ་རྩྭ་དང་སྤྲེལ་ཁམ་སོགས་ཟོས་ན། ལུས་ཕུང་གི་འཚོ་རྒྱུ་ཁ་གསབ་དང་རིམས་འགོག་ནུས་པ་ཇེ་མཐོར་གཏོང་ཐུབ།

2.སེ་འདུས་པའི་ཟས་རིགས་མང་ཙམ་བཟའ་དགོས། དཔེར་ན། ཕག་གི་མཆིན་པ་དང་ཡུག་པོ། སེ་མང་བའི་སྒོ་ང་སོགས་བཟའ་དགོས།

3.ཏེན་བསྡུ་ལེན་བྱེད་པའི་ཚད་ལ་དོ་སྣང་བྱ་དགོས། ཞིབ་འཇུག་བྱས་པ་ལྟར་ན། ཏེན་བསྡུ་ལེན་བྱེད་པའི་ཚད་དེ་ཨོལ་རྨེན་མདུད་འབུར་གྱི་ནད་བྱུང་བ་དང་འབྲེལ་བ་དམ་པོ་ཡོད། ཏེན་བསྡུ་ལེན་བྱས་པ་ཚད་ལས་བརྒལ་བའམ་མ་འདང་ན་ཨོལ་རྨེན་མདུད་འབུར་གྱི་ནད་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། དེ་བས།  མཚོ་རྒྱུད་ས་ཁུལ་གྱིས་མཚོ་ནང་ཐོན་རྫས་ཀྱི་བསྡུ་ལེན་ཚད་ལ་ཚོད་འཛིན་བྱེད་པ་དང་། ཏེན་དཀོན་པའི་ས་ཁུལ་དུ་འོས་འཚམ་གྱི་ཏེན་ཚྭ་དང་མཚོ་ནང་ཐོན་རྫས་ཟོས་ནས། ཨོལ་རྨེན་མདུད་འབུར་འབྱུང་བར་སྔོན་འགོག་བྱ་དགོས།

4.ཁ་ཚའི་རིགས་ཀྱི་ཟས་རིགས་ལ་འཛེམ་པ།  ཁ་ཚ་རིགས་ཀྱི་ཟས་རིགས་ཟོས་ན། མིའི་ལུས་ཕུང་གི་དབང་བོ་སོ་སོར་ཤུགས་རྐྱེན་ཐེབས་སྲིད་པས། རབ་ཡིན་ན་ཁ་ཚའི་རིགས་མི་ཟ་བ་དང་ཉུང་ཟ་བྱས་ན་ཧ་ཅང་ལེགས། 

རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།