འོ་མ་འཐུངས་ན་གཉིད་ཁུག་པར་ཕན་ནམ།

ཁུངས། ཀློག་གྲངས།

  དགོང་མོ་གཉིད་མི་ཡོང་ན། འོ་མ་ཕོར་བ་གང་འཐུང་རོགས། གོ་ཐོས་སུ་འོ་མའི་ནང་དུ་མདོག་ཨན་སྐྱུརLའདུས་ཤིང་། དངོས་པོ་འདི་རིགས་ཀྱིས་མི་ལུས་ཀྱི་ཆང་མདོག་ཨན5པ་དང་སྐུལ་རྩི་ནག་པོའི་ཟགས་ཐོན་ལ་སྐུལ་འདེད་བྱེད་ཐུབ་པས། གཉིད་ཁུག་པ་ལ་ཕན་པར་འདོད་ནས་མི་མང་པོས་ཚོད་ལྟ་བྱེད་བཞིན་ཡོད།

དོན་དངོས་སུ། འོ་མ་ཧའོ་ཧྲིན100ཡི་ནང་དུ་མདོག་ཨན་སྐྱུར་ཁེ0.04ཙམ་མ་གཏོགས་མེད། མི་མང་ཤོས་ཀྱིས་མདོག་ཨན་སྐྱུར་ཁེ0.5ནས1.5ཙམ་སྤྱད་དེ་གཉིད་ཁུག་པར་བྱེད་པ་ཡིན། གོ་སླ་བར་བཤད་ན། གཉིད་ཁར་འོ་མ་ཧའོ་ཧྲིན1200ནས3500ཙམ་འཐུངས་ན། ད་གཟོད་གཉིད་ལ་ཤན་ཤུགས་ཐེབས་སྲིད།

འོ་མ་ཧའོ་ཧྲིན200ཡི་ནང་དུ། མདོག་ཨན་སྐྱུར་ཧའོ་ཁེ78ཙམ་མ་གཏོགས་མེད། སྦྱོར་ཚད་འདི་ལྟ་བུའི་མདོག་ཨན་སྐྱུར་གྱིས་གཉིད་འགུགས་པའི་ནུས་པ་ནི་གླེང་རིན་མེད་པ་ཞིག་ཡིན་པར་མ་ཟད། ཆང་མདོག་ཨན5དང་སྐུལ་རྩི་ནག་པོ་འདང་ངེས་བསྐྱེད་ནས་མི་རྣམས་སྔར་ལས་ལྷག་པའི་གཉིད་སྐྱིད་པོ་ཞིག་ཡོང་བར་བྱེད་མི་ཐུབ། ཁྱོད་ཀྱིས་འོ་མ་འཐུང་ཚད་ཇེ་མང་དུ་བཏང་སྟེ་གཉིད་ཁུག་པར་བྱེད་པའི་ཐབས་འདི་གཏན་ནས་མ་སྤྱོད་ཅིག རྒྱུ་མཚན་ནི་གཉིད་ཁར་འོ་མ་མང་པོ་འཐུང་བ་ནི་ཆུ་མང་པོ་འཐུང་བ་དང་འདྲ་བས། གཅིན་གཏོང་འདོད་ཀྱིས་གཉིད་ལ་བར་ཆད་བཟོ་སྲིད། དེས་མི་ཚད། བྱིས་པས་གཉིད་ཁར་འོ་མ་མང་པོ་བཏུངས་ན། སྐྱེ་འཚར་སྐུལ་རྩི་ཟགས་ཐོན་ལ་ཤུགས་རྐྱེན་ཐེབས་པས། གཟུགས་སྐྱེ་བ་ལ་གནོད་པ་ཡིན། 

​རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།