
ཉིན་གཅིག་ལ་སྒོ་ང་ག་ཚོད་ཟ་དགོས་མིན་སྐོར་ལ་བཤད་སྲོལ་སྣ་ཚོགས་ཡོད། སྒོ་ང་བཟའ་རྒྱུར་དགའ་མཁན་ཚོས་ཉིན་རེར་སྒོ་ང་གཅིག་ནས་གཉིས་བར་ཟ་གི་ཡོད། འོན་ཀྱང་མི་ལ་ལས་སྒོ་ངའི་སེར་རིལ་ལ་མཁྲིས་རྒྱུ་གཤེར་རྩི་མང་པོ་འདུས་པས། མང་དྲགས་ན་མཁྲིས་རྒྱུ་གཤེར་རྩི་དང་ཁྲག་ཚིལ་ཇེ་མཐོར་འགྲོ་བ་དང་། མཁྲིས་རྡོ་ཆགས་པ་སོགས་ལུས་པོར་གནོད་ལུགས་མང་པོ་བཤད་ཀྱིན་ཡོད།
ཡིན་ཡང་ལུས་པོ་བདེ་ཐང་ཡིན་ཚེ་སྒོ་ང་མང་པོ་ཟོས་ནའང་མཁྲིས་རྒྱུ་གཤེར་རྩི་མཐོ་རུ་འགྲོ་བར་སེམས་ཁྲལ་བྱེད་མི་དགོས། ཡང་ཅིག་བཤད་ན། སྒོ་ངར་མཁྲིས་རྒྱུ་གཤེར་རྩི་འདུས་ཚད་མཐོ་ནའང་། ལུས་པོའི་ཁྲག་ཚིལ་བརྗེ་ཚབ་ཀྱི་བྱེད་ནུས་ཡག་པོ་ཡོད་ཚེ། སྒོ་ངར་འདུས་པའི་མཁྲིས་རྒྱུ་གཤེར་རྩིས་ཁྲག་ཚིལ་མཐོ་རུ་མི་གཏོང་།
དེ་ན་ཉིན་རེར་སྒོ་ང་ག་ཚོད་ཟོས་ན་འོས་འཚམ་ཡིན་ནམ་ཞེ་ན།
གཅིག ལུས་པོ་བདེ་ཐང་ཡིན་པའི་དར་མས་ཉིན་རེར་སྒོ་ང་གཅིག་ཟོས་ན་ཧ་ཅང་བཟང་།
གཉིས། སྦྲུམ་མ་དང་ནུ་མ་སྣུན་བཞིན་པའི་ཨ་མ་དང་ལུས་པོ་འཚར་ལོངས་བྱུང་བཞིན་པའི་སློབ་མ། ལུས་སྦྱོང་བྱེད་མཁན། ན་ཚ་ལྕི་མོ་དྲག་སྐྱེད་ཡོང་བའི་ནད་པ་བཅས་ཀྱིས་ཉིན་གཅིག་ལ་མང་ན་ཡང་སྒོ་ང་གསུམ་ལས་ཟ་མི་རུང་།
གསུམ། ཁྲག་ཚིལ་མཐོ་བ་ཚོས་ཞག་ཚིལ་མང་བའི་ཟས་རིགས་ལ་འཛེམ་དགོས་ཤིང་། ཉིན་གཅིག་ལ་སྒོ་ང་གཅིག་དང་གཟའ་འཁོར་རེར་སྒོ་ང་ལྔ་ལས་མང་བ་བཟའ་མི་རུང་།
རྩོམ་སྒྲིག་པ། གཡང་མོ་སྒྲོལ་མ།