ལུས་ཕུང་བདེ་ཐང་ལ་ཕན་པའི་ཤེས་བྱ། 

ཁུངས། ཀློག་གྲངས།

   མི་ཞིག་ལ་མཚོན་ན་བདེ་ཐང་ནི་ཀུན་གྱི་རྩ་བ་ཡིན་པས་ཞོལ་ནས་ལུས་ཕུང་བདེ་ཐང་ལ་ཕན་པའི་ཤེས་བྱ་ཕྲན་བུ་ཞིག་ངོ་སྤྲོད་ཅིག་བྱེད།   

གཅིག  སྒོག་པའི་ནང་དུ་ནང་དུག་འགོག་པའི་གྲུབ་ཆ་ཕུན་སུམ་ཚོགས་པ་འདུས་པས། མིའི་རིམས་འགོག་གི་ནུས་པ་བསྐྱེད་ལ།  དུས་ཚིགས་འགྱུར་བའི་སྐབས་སུ་མང་དུ་བསྟེན་ན་ཆམ་རིམས་སོགས་འགོག་པར་ཕན། 

གཉིས།  ཆང་འཐུང་ཞོར་དུ་སྲེག་ཟས་ཟ་མི་རུང་།  ཆུང་འཐུང་དུས་མིའི་ཁྲག་རྒྱུན་གྱི་ཧ་ཡང་རྒྱུ་ཇེ་མཐོར་འགྲོ་བ་དང་།  སྲེག་ཟས་ནང་གི་སྐྱེ་ལྡན་ཨན་ཞེས་པའི་རྫས་དེ་དང་འདྲེས་ནས་འཇུ་བྱེད་མ་ལག་གི་ནང་སློང་བ་རེད། 

གསུམ།  ཟ་མ་ཟ་དུས་ཞིབ་མོར་ལྡད་ནས་མིད་པ་ལས་མྱུར་མོར་མི་ཟ་བ་དང་།  ཟས་དང་མཆིལ་ཟེགས་ཡོངས་སུ་འདྲེས་པར་བྱས་ན་འབྲས་སྐྲན་སོགས་འགོག་པའི་ནུས་པ་འདོན་ཐུབ།

བཞི།  མགོ་སྐྲ་བཀྲུ་དུས།  ཆུ་ཁོལ་དྲོ་འཇམ་གྱི་ནང་དུ་ཚྭ་བཏབ་ན། སྐྲ་ཤུད་པ་སྔོན་འགོག་ཐུབ་པར་མ་ཟད། སྐྲ་གཙང་མ་ཡོང་བར་ཡང་ཕན།

ལྔ།  སྦངས་ཟིན་པའི་ཇ་ལོ་བསྐམས་ནས་སིང་རས་ཀྱིས་བཏུམས་རྗེས་འཁྱག་སྒམ་ནང་དུ་བཞག་ན།  ཉ་རིགས་དང་ཤ་སོགས་ཀྱི་དྲི་ངན་སེལ་བར་ཕན། 

དྲུག  སྔོ་ཚོད་དང་སིལ་ཏོག་མང་དུ་བསྟེན་ན་ངོ་མདངས་ཡག་པོ་ཡོང་བར་ཕན།  འཚོ་བཅུདCདང་འོ་མ་སོགས་རྒྱུན་པར་བསྟེན་པ་དང་། དམར་ཟས་དང་སྣུམ་བཅུད་ཆེ་བའི་ཟས་རིགས་ཉུང་དུ་བསྟེན་ན་སྐྱི་པགས་ལ་ཧ་ཅང་ཕན།

བདུན།  ཚ་བ་ཆེ་དུས་དྲོད་སྙོམས་འཕྲུལ་ཆས་བསྟེན་ཡུན་རིང་ན་ཚད་པ་ཕོག་ཉེན་ཆེ། ཁྱིམ་དང་གཞུང་ལས་ཁང་དུ་ཚྭ་ཆུ་དྲོན་མོ་མང་དུ་བསྟེན་ན་ཚ་གདུག་འགོག་པར་ཕན།

བརྒྱད།  སྐྱི་མོར་རྨ་ཁ་བཟོས་རྗེས། ཐད་ཀར་རྨ་ཐོག་ཏུ་སྦྱར་ཆོག་པའི་སྦྱོར་སྨན་རིགས་བསྟེན་པ་ལས། སྨན་ཆུ་སྨུག་པོ་གཏུགས་ནས་གཉན་ཁ་གཅོག་པ་དང་། དེ་ནས་རྨ་ཁ་རང་བཞིན་གྱིས་སེལ་དུ་བཅུག་ན་བཟང་། དེ་བས་གོང་གི་ཤེས་བྱ་དེ་དག་ལ་རྒྱུས་ལོན་གསལ་བོ་བྱ་རྒྱུ་ཧ་ཅང་གལ་ཆེ། 

རྩོམ་སྒྲིག་པ།  གཡང་མོ་སྒྲོལ་མ།